ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཨ་ཧྥུ་ཧན་གནད་དོན་གྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10པའི་ཚེས12ཉིན་གྱི་དགོང་མོར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མིའམ་རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཨ་ཧྥུ་ཧན་གནད་དོན་གྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་ཞུགས། 

ཝང་དབྱི་ཡིས་བཤད་རྒྱུར།  ཨ་ཧྥུ་ཧན་གྱི་འདས་ཟིན་པའི་ལོ་ཉི་ཤུའི་ཉམས་མྱོང་དང་བསླབ་བྱས་རྒྱལ་ཁབ་སོ་སོས་རང་བརྟེན་ངང་བདམས་པའི་འཕེལ་རྒྱས་འགྲོ་ལམ་ལ་བརྩི་འཇོག་བྱེད་རྒྱུ་དང་།  ཤེས་རིག་མི་འདྲ་བའི་བར་ཕན་ཚུན་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་མཉམ་གནས་བྱེད་པའི་ཡང་དག་པའི་ལམ་བུ་ཞིག་ཡིན་པ་སླར་ཡང་གསལ་བཤད་བྱས་ཡོད།   རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་གཞན་ལ་བཙན་འགེལ་བྱེད་པ་དང་། རྟག་ཏུ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་ཐ་ན་དམག་དོན་ལ་ཐེ་ཇུས་བྱས་ཚེ། ཟིང་ཆ་དང་དབུལ་ཕོངས་བསྟུད་མར་འབྱུང་སྲིད་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་ཨ་ཧྥུ་ཧན་གྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ་དང་། “ཨ་ཧྥུ་ཧན་གྱིས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུ་ཧན་དབང་བའི”གཞི་རྩའི་རྩ་དོན་དོན་འཁྱོལ་ཡོང་བར་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ཐོག    ཨ་ཧྥུ་ཧན་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཐེད་བྱས་རྗེས་འཇོག་དགོས་ཞེས་བཤད་པ་རེད།

ཚོགས་འདུ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅི་ཡིས་གཙོ་སྐྱོང་བྱས་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་མི་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའམ་ཡང་ན་འཐུས་མི་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་བརྙན་ལམ་བརྒྱུད་དེ་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།