ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་བཤད་དོན། ཕ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་ཁའེ་པེད་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་ནུབ་བྱང་ཕྱོགས་སུ་འཇིགས་སྐུལ་པ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་བཅུ་བསད་པ་དང་དེའི་ནང་དུ་བཀོད་འདོམས་དཔོན་པོ་བཞི་འདུ་ཟེར།

ཕ་ཁི་སི་ཐན་དམག་དཔུང་གསུམ་པའི་གསར་འགྱུར་ཅུས་ཀྱིས་གསལ་སྒྲོག་སྤེལ་ཏེ་བཤད་དོན། འཇིགས་སྐུལ་ཉེས་ཅན་སྦས་སྐུང་བྱེད་ས་རྩད་ཆོད་རྗེས། ཕ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་ཞིང་ཆེན་དེ་དང་ཨ་ཧྥུའུ་ཧན་འབྲེལ་མཚམས་ཀྱི་བཱ་ཅི་ལིས་སི་ཐན་ལྷོ་མ་ས་ཁུལ་གྱི་འཇིགས་སྐུལ་ཉེས་ཅན་སྦས་སྐུང་བྱེད་ས་ཤིག་ལ་འགུལ་སྐྱོད་བསླངས་ཏེ་འཇིགས་སྐུལ་ཉེས་ཅན་བཅུ་བསད་པ་དང་། བདེ་འཇགས་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་དུ་མཚོན་ཆ་དང་རྫས་མདེལ་གང་མང་བླངས། འཇིགས་སྐུལ་ཉེས་ཅན་པ་གཏོགས་པའི་རྩ་འཛུགས་དང་འགུལ་སྐྱོད་བྱེད་པའི་དུས་ཚོད་བཤད་མེད་པ་གསལ་སྒྲོག་བྱས།

གསལ་སྒྲོག་ནང་བཤད་དོན། བསད་པའི་འཇིགས་སྐུལ་ཉེས་ཅན་ཚང་མ་སྔོན་ཆད་འགས་གཏོར་འཇབ་རྒོལ་དང་མི་སེར་གསོད་པ་སོགས་ཀྱི་འཇིགས་སྐུལ་བྱ་འགུལ་ལ་ཞུགས་པར་མ་ཟད། ས་ཁུལ་དེ་རུ་སྔར་ལས་མང་པོའི་འཇིགས་སྐུལ་འཇབ་རྒོལ་བྱེད་པར་འཆར་འགོད་བྱེད་ཀྱིན་ཡོད། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་རྒྱལ་ཡོངས་ཁྱབ་ཁོངས་སུ་འཇིགས་སྐུལ་ཉེས་ཅན་གྱིས་འཇིགས་སྣང་སྐུལ་བ་རྩ་མེད་དུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།