ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དམིགས་བསལ་དམག་དོན་སྦྱོང་བརྡར་ཨེ་མེ་ནི་ཡཱ་རུ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་ལྔ་ཡིན་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དམིགས་བསལ་དམག་དོན་སྦྱོང་བརྡར་ཚེས་ཉེར་བརྒྱད་ཉིན་ཨེ་མེ་ནི་ཡཱ་ནས་གྲོལ། 

ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨེ་མེ་ནི་ཡཱ་དང་ཨུ་རུ་སི་དཀར་པོ། ཅིར་ཅི་སི་སི་ཐན། ཐཱ་ཅི་ཁི་སི་ཐན་བཅས་ནས་ཡོང་བའི་དམིགས་བསལ་ཉེན་རྟོག་པ་དང་དུག་འགོག བདེ་འཇགས་དམག་དཔུང་གི་མི་སྣ་བཅས་མི་སུམ་བརྒྱ་དང་ལྔ་བཅུ་ཙམ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས། 

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཚེས་ཉེར་བཞིའི་ཉིན་ཨེ་མེ་ནི་ཡཱའི་མངའ་ཁོངས་ནས་སྤེལ་བ་དང་། གྱེན་འཕུར་གནམ་གྲུ་དང་མི་བསྡད་མེད་པའི་གནམ་གྲུ་འདུས་པའི་དམག་དོན་སྒྲིག་ཆས་སྣ་ཚོགས་བེད་སྤྱོད་བྱས་ཡོད་ལ། དམིགས་ཡུལ་ནི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དམིགས་བསལ་ཉེན་རྟོག་དམག་དཔུང་གིས་རྙོག་འཛིང་ཆེ་བའི་རི་ཁུལ་དུ་དུག་འགོག་ལས་འགན་ལག་བསྟར་བྱེད་པའི་ནུས་པ་དང་རོགས་ལས་ཆུ་ཚད་ཇེ་མཐོར་གཏོང་བའི་ཆེད་དུ་རེད། 

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་དེ་ཉིས་སྟོང་གཉིས་ལོའི་ཟླ་ལྔ་བར་བཙུགས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་བཀོད་པའི་རང་བཙན་མཉམ་འབྲེལ་ཐུན་མོང་བདེ་འཇགས་ཆིངས་ཡིག་ལས་འཕེལ་འགྱུར་བྱུང་བ་ཡིན། མིག་སྔར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན། ཨེ་མེ་ནི་ཡཱ། ཅིར་ཅི་སི་སི་ཐན་བཅས་ཁོངས་གཏོགས་རྒྱལ་ཁབ་དྲུག་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།