ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་ཨ་པུའུ་ཏུའུ་ལ་ཞི་དབྱང་གིས་དབྱི་ལིང་ཉིང་རྡུལ་གྲོས་མཐུན་གྲོས་མོལ་ལ་ཕན་འབྲས་ཆེན་པོ་ལྡན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་ཨ་པུའུ་ཏུའུ་ལ་ཞི་དབྱང་གིས་ཚེས་ཉེར་བཞི་ཉིན་དབྱི་ལིང་ཉིང་རྡུལ་གྲོས་མཐུན་གྲོས་མོལ་ལ་ཕན་འབྲས་ཆེན་པོ་ལྡན་པའི་ཚུལ་བསྟན་པ་དང་།    དབྱི་ལིང་ཕྱོགས་ཀྱིས་དབྱི་ལིང་ཉིང་རྡུལ་གྲོས་མཐུན་གྲོས་མོལ་སླར་གསོ་བྱེད་པའི་བྱེད་ཐབས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་།    སྔ་མོ་ནས་གྲོས་མོལ་ཁྲོད་ཞུགས་ངེས་ཡིན་ཟེར།

ཨ་པུའུ་ཏུའུ་ལ་ཞི་དབྱང་ཉིན་དེར་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་དོན་དྲུག་པར་ཞུགས་སྐབས་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱས།  ཁོས་བཤད་རྒྱུར།   དབྱི་ལིང་གྲོས་མོལ་ཁྲོད་ཞུགས་འདོད་ཡོད་པ་དང་།   རྒྱལ་ཁབ་རང་གི་ཁེ་དབང་དང་མཐུན་པའི་གྲོས་མོལ་བརྩོན་ལེན་བྱེད་ངེས་ཡིན།    དབྱི་ལིང་གིས་གྲོས་མོལ་གྱི་འབྲེལ་ཡོད་ཡིག་ཆའི་ཞིབ་བཤེར་ཡོངས་འགྲུབ་བྱ་ཐུབ་ཚེ།  དབྱི་ལིང་གིས་གྲོས་མོལ་ཁྲོད་ནས་བསམ་འཆར་བརྗེ་རེས་བྱེད་ངེས་ཡིན་ཟེར།

ཨ་པུའུ་ཏུའུ་ལ་ཞི་དབྱང་གིས་བཤད་རྒྱུར།   མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་སུ་དབྱི་ལིང་འཐུས་ཚབ་ཚོགས་པས་གནས་སྐབས་སུ་གྲོས་མོལ་སླར་གསོ་བྱེད་པ་དང་དབྱི་ལིང་ཉིང་རྡུལ་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་དང་གྲོས་མོལ་བྱས་མེད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན།   ཨ་པུའུ་ཏུའུ་ལ་ཞི་དབྱང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་དང་སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྲ་ཞི་ཏི་དང་ཐུག་འཕྲད་བྱས།    ཨ་པུའུ་ཏུའུ་ལ་ཞི་དབྱང་གིས་ཐུག་འཕྲད་བྱེད་སྐབས་བསྟན་དོན།    དབྱི་ལིང་སྲིད་གཞུང་གསར་པས་དབྱི་ལིང་ཉིང་རྡུལ་གྲོས་མཐུན་གྲོས་མོལ་ཐད་ནས་དངོས་གཉེར་གྱི་བྱེད་ཐབས་སྤྱོད་ངེས་པར་མ་ཟད།    གྲོས་མོལ་ལ་གྲུབ་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།