ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་འཕེལ་རིམ་ཐཱ་ལེ་པན་གྱི་མཉམ་འབྲེལ་དང་ཁ་འབྲལ་ཐབས་མེད་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེ་ཉེར་ལྔ་ཉིན་ཨ་མེ་རི་ཁའི་ཉིག་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མཉམ་འབྲེལ་མེད་ན་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་འཕེལ་རིམ་མངོན་འགྱུར་བྱེད་མི་ཐུབ་ཅེས་བསྟན།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཐཱ་ལེ་པན་དང་མཉམ་འབྲེལ་མ་བྱས་ན། ཨ་ཧྥུའུ་ཧན་གྱི་ཆབ་སྲིད་འཕེལ་རིམ་མངོན་འགྱུར་བྱེད་མི་ཐུབ།

ཨུ་རུ་སུ་དང་ཨ་ཧྥུའུ་ཧན་བར་འབྲེལ་འདྲིས་བྱེད་པ་གླེང་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། མིག་སྔར་གྱི་གནས་བབ་ཀྱིས་ཐཱ་ལེ་པན་དང་འབྲེལ་འདྲིས་བྱེད་པར་ཚོད་འཛིན་དང་བཀག་རྒྱ་ཐེབས་མི་སྲིད་ཟེར། ཨུ་རུ་སུས་སྔོན་ལ་ཨུ་རུ་སུའི་སྤྱི་དམངས་ཀྱི་བདེ་འཇགས་ལ་ཁག་ཐག་བྱེད་པ་དང་། དེའི་རྗེས་ཨ་ཧྥུའུ་ཧན་གྱི་ནང་ཁུལ་འདུམ་སྒྲིག་དང་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་ཟླ་འདིའི་ཚེས་བཅུ་ཉིན་བསྟན་དོན། མིག་སྔར་ཨ་ཧྥུའུ་ཧན་དང་འབྲེལ་འདྲིས་བྱེད་པ་དགོས་ངེས་ཅན་དུ་ཆགས་ཡོད་ལ། རྒྱལ་ཁབ་སོ་སོས་ཕན་འབྲས་ལྡན་པའི་སྒོ་ནས་ཐཱ་ལེ་པན་དང་འབྲེལ་འདྲིས་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།