ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྲིད་ཏང་བར་གྱི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྲིད་ཏང་བར་གྱི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་ཚེས་ཉེར་བཞི་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་བཞིའི་སྲིད་ཏང་གི་མགོ་ཁྲིད་པ་དང་ཏང་ཡོན་ལས་བྱེད་པའི་འཐུས་མི་སུམ་བརྒྱ་ཙམ་ཚོགས་འདུར་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་སུང་ཐའོ་ཡིས་གཏམ་བཤད་གལ་ཆེན་སྤེལ་སྐབས། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འགོར་བ་དང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་འཚོལ་ཞིབ་བྱས་པའི་ལོ་རྒྱུས་བརྒྱུད་རིམ་དང་ཉམས་མྱོང་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ལ་ལེགས་འགྲུབ་བྱུང་བའི་གནད་འགག་ནི་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་ལ་རག་ལས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་གསར་འབྱེད་བྱས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་བསྐྱོད་པའི་བགྲོད་ལམ་རྒྱ་བསྐྱེད་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་སྲིད་ཏང་བར་གྱི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིར་བཟུང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཨ་ཧྥེ་རི་ཁ་གླིང་གི་སྲིད་ཏང་མགོ་ཁྲིད་པས་བསྟན་དོན། ཀྲུང་གོའི་ཉམས་མྱོང་བཟང་བོ་དེས་ཨ་ཧྥེ་རི་ཁ་གླིང་གི་སྲིད་ཏང་དག་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་དཔེ་སྟོན་དང་སྒུལ་ཤུགས་བསྩལ་ཡོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།