ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་བཅའ་ཁྲིམས་ལག་བསྟར་མི་སྣས་ཆོས་ལུགས་ཐལ་སྤྱོད་ཚོགས་པ་ཞིག་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་བཅའ་ཁྲིམས་ལག་བསྟར་མི་སྣས་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཡེ་ཁཱ་ཅེ་ལིན་པའོ་ནས་ཆོས་ལུགས་ཐལ་སྤྱོད་ཚོགས་པ་ཞིག་རྩད་ཆོད་ཟེར། 

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཆོས་ལུགས་ཐལ་སྤྱོད་ཚོགས་པ་དེའི་ཁོངས་མི་ནི་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ནས་ཡོང་བ་ཡིན་ཞིང་། ཁོ་ཚོས་རྒྱལ་སྤྱིའི་འཇིགས་སྐུལ་རྩ་འཛུགས་ཀྱི་འདུ་ཤེས་འཛིན་སྟངས་དྲིལ་བསྒྲགས་བྱས་པར་མ་ཟད། ངལ་རྩོལ་ལས་བཟོ་བ་དང་གནས་སྤོར་སྡོད་དམངས་ཀྱིས་ཨུ་རུ་སིའི་མངའ་ཁོངས་སུ་འཇིགས་སྐུལ་བྱ་འགུལ་སྤེལ་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གིས་ཚོགས་པ་དེར་དམིགས་ནས་ཉེས་དོན་གྱོད་གཞི་བཙུགས་པ་དང་། བཅའ་ཁྲིམས་ལག་བསྟར་མི་སྣས་ཚོགས་པ་དེའི་ཁོངས་མི་འཛིན་བཟུང་བྱས་ཡོད། རྩད་ཆོད་པའི་འབྲེལ་ཡོད་ཁུངས་སྣེ་ལྟར་ན། ཚོགས་པ་དེ་དབུས་ཤར་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་ཀྱི་མགོ་བར་འབྲེལ་བ་ཡོད་པ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།