ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཁ་པར་ལས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས། མཱ་ཁི་ལུང་གིས་དེའི་སྔོན་ཕྱིར་བོས་པའི་ཨ་མེ་རི་ཁར་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་གཟའ་འཁོར་རྗེས་མར་ཕྱིར་ཨ་མེ་རི་ཁར་མངག་རྒྱུ་ཐག་བཅད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་གྱིས་རེ་ཞུ་བཏོན་པ་ལྟར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉིན་དེར་ཁ་པར་ལས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། གལ་ཏེ་ཧྥ་རན་སི་དང་ཡོ་རོབ་གླིང་གི་མནའ་མཐུན་གྲོགས་པོའི་འཐབ་ཇུས་ཁེ་ཕན་ལ་འབྲེལ་བའི་གནད་དོན་ཐད་ནས་མངོན་གསལ་གྱིས་གྲོས་མོལ་བྱས་ཡོད་ན། མིག་སྔའི་ཛ་དྲག་གི་གནས་བབ་སྔོན་འགོག་བྱེད་ཐུབ་པར་འདོད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་འཕེལ་རིམ་མགོ་བརྩམས་ཏེ། ཕན་ཚུན་གྱི་ཡིད་ཆེས་ལ་ཆ་རྐྱེན་བསྐྲུན་པ་དང་ཐུན་མོང་གི་དམིགས་འབེན་མངོན་འགྱུར་བྱེད་པར་བྱེ་བྲག་གི་བྱེད་ཐབས་འདོན་རྒྱུ་ཐག་བཅད། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཟླ་བཅུ་པའི་ཟླ་མཇུག་ཏུ་ཡོ་རོབ་གླིང་ནས་གྲོས་མོལ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་འགོད་རྒྱུ་རེད། མཱ་ཁི་ལུང་གིས་དེའི་སྔོན་ཕྱིར་བོས་པའི་ཨ་མེ་རི་ཁར་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་གཟའ་འཁོར་རྗེས་མར་ཕྱིར་ཨ་མེ་རི་ཁར་མངག་རྒྱུ་ཐག་བཅད།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ཧྥ་རན་སི་དང་ཡོ་རོབ་གླིང་གི་མནའ་འབྲེལ་གྲོགས་པོས་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་འཐབ་ཇུས་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས། ཡོ་རོབ་གླིང་གི་འགོག་སྲུང་གིས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། བྱང་ཆིངས་རྩ་འཛུགས་ཀྱི་ཁ་གསབ་ཡིན་པས། ཨ་མེ་རི་ཁས་ཡོ་རོབ་གླིང་གི་འགོག་སྲུང་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བའི་གལ་ཆེན་རང་བཞིན་ངོས་ཟིན་ཡོད་ཟེར། དེ་ལས་གཞན་ཨ་མེ་རི་ཁས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གི་ཨ་ཧྥེ་རི་ཁ་གླིང་གི་སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱུ་ཁས་ལེན་བྱས་ཡོད་ཟེར། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཀྱང་ཚེས་ཉེར་གཉིས་ཉིན་ཨ་མེ་རི་ཁ་དང་ཧྥ་རན་སིའི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱས་པའི་མཉམ་འབྲེལ་གསལ་སྒྲོག་སྤེལ། ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཕུའུ་སཱ་ཅི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སྐར་མ་སུམ་ཅུ་ཡས་མས་ལ་མཛའ་མཐུན་ལྡན་པའི་གྲོས་མོལ་བྱས། པེད་ཏིན་གྱིས་ཐེངས་འདིའི་ཁ་པར་གྲོས་མོལ་དེ་ཨ་མེ་རི་ཁ་དང་ཧྥ་རན་སིའི་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་པའི་གོ་སྐབས་ཤིག་ཡིན་པར་འདོད། པེད་ཏིན་གྱིས་ཐེངས་འདིའི་གྲོས་མོལ་ལས་བསྟན་པའི་བརྡ་འཕྲིན་གལ་ཆེན་ཞིག་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་འབྲེལ་ཡོད་གྲོས་མཐུན་ཁྱབ་བསྒྲགས་མ་བྱས་གོང་ཧྥ་རན་སིའི་བར་གྲོས་མོལ་མང་དུ་བྱས་ཆོག་པ་དེ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།