ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་སླར་གསོ་ཐེབས་རྩར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20210922101507JUaG (1).jpg

ཟླ7པའི་ཚེས20ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་ཁ་བརྡ་བྱེད་བཞིན་པ། 

202109221014528jQW.jpg

ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་གྲུ་མོ་ཐོ་གཏུག་ནས་གུས་སེམས་བསྟན། 

20210922101444eZLi.jpg

ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་བྱ་བར་གྲོས་བསྡུར་བྱེད་ཆེད་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་བསྡུས་ནས་ཉིན་ལྔ་འགོར་བའི་སྐབས་སུ། གྲོས་ཚོགས་ལ་ཞུགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས་ཉེར་གཅིག་ཉིན་ཡོ་སྒོར་ཁྲག་ཁྲིག་བདུན་དང་ཐེར་ཆེན་ལྔའི་སླར་གསོའི་ཐེབས་རྩར་གྲོས་འཆམ་བྱུང་། 

མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱེད་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚེས་ཉེར་གཅིག་ཉིན་གྱི་ཞོགས་པར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་གྲོས་འཆམ་བྱུང་བ་ཁྱབ་བསྒྲགས་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། སླར་གསོའི་ཐེབས་རྩ་དེ་དངུལ་བསྐྱིས་དང་དངུལ་སྟེར་སོགས་ཀྱི་ཐབས་ལ་བརྟེན་ནས། རིམས་ནད་ཀྱི་གནོད་པ་ཐེབས་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་རྒྱབ་སྐྱོར་བྱེད་པ་དང་། སྔ་མོ་ནས་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་རྒྱུ་རེད། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ཚེས་བཅུ་བདུན་ཉིན་མགོ་བརྩམས་པ་དང་། དེ་ནི་ཡོ་རོབ་གླིང་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཐོག་དང་པོར་སྤེལ་བའི་ཐད་ཀར་གྲོས་མོལ་ཞིག་ཡིན་པ་རེད། གྲོས་ཚོགས་དེ་ཚེས་བཅོ་བརྒྱད་ཉིན་གྲོལ་བའི་འཆར་གཞི་ཡོད་ཀྱང་། རྒྱལ་ཁབ་སོ་སོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་སྔོན་རྩིས་གཞི་རྒྱ་དང་སླར་གསོའི་ཐེབས་རྩའི་ཇུས་གཞིར་དམིགས་ནས་དཔྱད་གླེང་ཡང་ཡང་བྱས་པས་ཚོགས་ཡུན་ཇེ་རིང་དུ་བཏང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།