ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་པྲོག་གསར་གློ་ཚད་ཀྱི་ནད་པ་ཁྲི4200ལས་བརྒལ་བ་དང་རྐྱེན་ལམ་དུ་ཤོར་བ་ནད་པ་ཁྲི67.3ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་བསྒྲགས་པའི་གོ་ལ་ཧྲིལ་བོའི་པྲོག་གསར་རིམས་ནད་གཞི་གྲངས་ཀྱི་གནས་ཚུལ་བསྡོམས་རྩིས་མ་ལག་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད2021ལོའི་ཟླ9པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད6བར་དུ། ཨ་རི་ཡོངས་སུ་སྙན་ཞུ་བྱས་པའི་པྲོག་གསར་གློ་ཚད་ཀྱི་ནད་པ42045018ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ673405ལ་སླེབས་ཡོད། འདས་པའི་དུས་ཚོད24རིང་། ཨ་རིར་པྲོག་གསར་གློ་ཚད་ཀྱི་ནད་པ125571ཇེ་མང་དུ་སོང་ཞིང་རྐྱེན་ལམ་དུ་ཤོར་བའི་ནད་པ1494ཇེ་མང་དུ་སོང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།