ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། རྒྱ་གར་དབུས་ཕྱོགས་ཀྱི་ཆའེ་ཏི་སི་ཀུར་པང་དུ་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཟེར།
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགྲིམ་འགྲུལ་དོན་རྐྱེན་དེ་ཆའེ་ཏི་སི་ཀུར་པང་གི་ལྟེ་གནས་གྲོང་ཁྱེར་ལེ་པུའུ་ཨར་ལྷོ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་གྱ་བརྒྱད་ཀྱི་མཚམས་སུ་ཡོད་པའི་ཀུང་ཏི་ཀང་ས་ཁུལ་བྱུང་། འཁོར་གསུམ་འཕྲུལ་འཁོར་ཞིག་དང་བྱེས་བགྲོད་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ། འཁོར་གསུམ་འཕྲུལ་འཁོར་སྟེང་གི་མི་བདུན་དེ་མ་ཐག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་སྨན་ཁང་དུ་སྐྱེལ་བའི་ལམ་བར་ནས་རྐྱེན་ལམ་དུ་ཤོར། རྐྱེན་ལམ་དུ་ཤོར་བའི་མི་དགུ་བོ་ཚང་མ་ས་དེའི་ཁྱིམ་ཚང་གཅིག་གི་མི་ཡིན་ལ། དེའི་ནང་བུད་མེད་བཞི་དང་བྱིས་པ་གཅིག་འདུ།
བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན།
གཞུང་ལམ་ཀྱི་གནས་ཚུལ་མི་བཟང་བ་དང་ཁ་ལོ་བ་མྱུར་ཚད་ལས་བརྒལ་བ་དང་ཐེག་ཚད་ལས་བརྒལ་བ་སོགས་ཁྲིམས་འགལ་བྱ་སྤྱོད་དབང་གིས་རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། རྒྱ་གར་དུ་ལོ་རེར་མི་འབུམ་གཅིག་དང་ཁྲི་ལྔ་ལྷག་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བཞིན་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྒྱ་གར་དབུས་ཕྱོགས་སུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག