ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་གོ་དང་ཀྲུང་གོའི་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པ་སྤྱིའི་ཚོགས་པས་ཚོགས་པ་བཙུགས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་དང་ལས་འཛིན་ལྷན་ཚོགས་སྐབས་བཅུ་བའི་འགན་བཞེས་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཙེས་བཅོ་བརྒྱད་ཉིན། ཐེ་གོ་དང་ཀྲུང་གོའི་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པ་སྤྱིའི་ཚོགས་པས་དྲ་ངོས་ཀྱི་རྣམ་པར་བརྟེན་ནས་ཚོགས་པ་བཙུགས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་དང་ལས་འཛིན་ལྷན་ཚོགས་སྐབས་བཅུ་བའི་འགན་བཞེས་མཛད་སྒོ་བསྡུས།

ཐེ་གོ་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧན་ཀྲི་ཆང་གིས་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པ་བཙུགས་ནས་ལོ་ཉི་ཤུ་འཁོར་བ་དང་དེ་མིན་ཡང་བསྐྱར་ཚོགས་གཙོའི་འགན་འཁུར་བའི་ཝང་ཀྲི་མེན་དང་སྐབས་གསར་བའི་ལས་འཛིན་ལྷན་ཚོགས་ལ་རྟེན་འབྲེལ་ཞུས་པར་མ་ཟད། ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པས་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང་ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་སུ་བྱ་བ་གང་མང་བསྒྲུབས་པར་གཟེངས་བསྟོད་བྱས།

ཧན་ཀྲི་ཆང་གིས་བཤད་དོན། ཐེ་ཝན་གྱི་གནད་དོན་ཐག་གཅོད་པ་དང་མེས་རྒྱལ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པ་ནི་ཀྲུང་གོ་མི་དམངས་ཀྱི་ནམ་ཡང་འགྱུར་བ་མེད་པའི་ལོ་རྒྱུས་འགན་འཁྲི་དང་། ཐེ་གོའི་སྤུན་ཟླ་དང་བཅས་པའི་ཀྲུང་ཧྭའི་བུ་བུ་མོའི་ཐུན་མོང་གི་རེ་འདུན་ཡིན། ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པས་ལོ་ཉི་ཤུ་འཁོར་བ་གོ་སྐབས་སུ་བཟུང་སྟེ་མུ་མཐུད་དུ་ཚོགས་པ་གསར་སྐྲུན་གྱི་དམིགས་འབེན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་གཅིག་གྱུར་སྲུང་སྐྱོབ་དང་ཡར་སྐུལ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་བརྗེ་རེས་མཉམ་ལས་ལ་སྐུལ་སྤེལ་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཝང་ཀྲི་མེན་དང་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་ལག་བསྟར་ཚོགས་གཙོ་ཝུའུ་པེན་ལིན། རྒྱུན་ལས་ཚོགས་གཙོ་གཞོན་པ་ལིས་ཀོས་ཞོན། དེ་མིན་ཚོགས་མི་ཁ་ཤས་བཅས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད། ཁོ་ཚོས་བཤད་དོན། ཕྱིན་ཆད་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་མཚོ་འགག་འགྲམ་གཉིས་ཀྱི་གཅིག་གྱུར་ལས་དོན་ཆེན་པོར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།