ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་གདོང་གཏུག་དང་གདོང་གཏུག་རྗེས་ཀྱི་བུད་མེད་དང་བུ་མོ་ཆུང་ཆུང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ལངས་ཕྱོགས་རྒྱས་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། མཉམ་འབྲེལ་རྒྱལ་ཚོགས་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་བརྒྱད་པའི་སྟེང་། གདོང་གཏུག་དང་གདོང་གཏུག་རྗེས་ཀྱི་བུད་མེད་དང་བུ་མོ་ཆུང་ཆུང་གི་ཐོབ་ཐང་གནད་དོན་ཐད་ནས་གྲོས་མོལ་བྱས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་རི་ནེ་ཝའི་འཐུས་ཚབ་ཚོགས་པའི་གཞུང་ཚབ་ཅང་ཏོན་གྱིས་ཀྲུང་གོའི་ལངས་ཕྱོགས་རྒྱས་བཤད་བྱས།

ཅང་ཏོན་གྱིས་བཤད་དོན། བུད་མེད་དང་བུ་མོ་ཆུང་ཆུང་ནི་ཧ་ཅང་གནོད་པ་ཐེབས་སླ་བའི་མི་ཚོགས་ཤིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདོང་གཏུག་དང་གདོང་གཏུག་བྱུང་རྗེས་ས་ཁུལ་གྱི་བུད་མེད་དང་བུ་མོ་ཆུང་ཆུང་གི་ཁེ་དབང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པ་དང་། དྲག་ཤུགས་ལ་བརྟེན་ནས་གནོད་སྐྱེལ་བ་དང་ཕོ་མོའི་དབྱེ་བ་བཀར་ནས་མཐོང་ཆུང་བྱེད་པ། མི་གྲངས་ཉོ་ཚོང་སོགས་ལ་རྡུང་རྡེག་བྱེད་དགོས་པར་མ་ཟད། ཡུལ་འཁྱར་པའི་བུད་མེད་དང་བུ་མོ་ཆུང་ཆུང་གི་དམིགས་བསལ་དགོས་མཁོ་ཡོངས་སུ་སྐོང་དགོས་ཟེར།

ཅང་ཏོན་གྱིས་བཤད་དོན། ཨ་མེ་རི་ཁ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ཀྱིས་དམངས་གཙོ་དང་འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ཏེ་ཨ་ཧྥུའུ་ཧན་དུ་དམག་འཁྲུག་བསླངས་ནས། ཉེས་མེད་མི་སེར་ལ་ཤི་རྨས་བཟོས་པ་དང་། བུད་མེད་དང་བུ་མོ་ཆུང་ཆུང་ལ་གནོད་པ་ཚབས་ཆེན་བཟོས། ཀྲུང་གོ་ཕྱོགས་ཀྱིས་དོན་དེར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་མཐོ་རིམ་ཆེད་ལས་གཞུང་སྒྲུབ་ཁང་དང་འབྲེལ་ཡོད་དམིགས་བསལ་རྐྱེན་སྲོལ་གྱིས་ཁྲིམས་འགལ་དམག་དོན་གྱིས་བུད་མེད་དང་བུ་མོ་ཆུང་ཆུང་གི་ཐོབ་ཐང་ལ་ཐེ་གཏོགས་དང་བཙན་འཛུལ་བྱེད་པའི་གནད་དོན་ལ་ཡིད་འཇོག་ཆེན་པོ་བྱེད་དགོས་པའི་རེ་འབོད་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།