ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་དགུ་བའི་ཟླ་མཇུག་གི་སྔོན་ལ་དམག་དོན་རྟེན་གཞི་གཉིས་ཀྱི་འཐབ་འཛིང་མི་སྣ་ཇེ་ཉུང་དུ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་རག་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་དགུ་བའི་ཟླ་མཇུག་གི་སྔོན་ལ་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་གཉིས་ཀྱི་འཐབ་འཛིང་མི་སྣ་ཇེ་ཉུང་དུ་གཏོང་བར་ཡིད་འཐད་བྱུང་། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དེའི་སྔོན་དབྱི་རག་དང་ཨ་མེ་རི་ཁའི་འཐབ་ཇུས་གྲོས་མོལ་ནས་བཀོད་པའི་སྒྲོམ་གཞིའི་གྲོས་མཐུན་ལྟར་ན། རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་ཀྱི་འཐུས་མིས་ཚེས་བཅུ་དྲུག་ཉིན་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་གྲོས་ཚོགས་བསྡུས་རྗེས་ཆོད་དོན་སྤེལ་ནས། ཨ་མེ་རི་ཁའི་དམག་དཔུང་གིས་ཨན་པཱ་ཨར་ཞིང་ཆེན་དུ་ཡོད་པའི་ཨ་སཱ་ཏི་མཁའ་དམག་རྟེན་གཞི་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཨེ་ཨར་པུས་ལེ་རུ་ཡོད་པའི་དམག་དོན་རྟེན་གཞིའི་འཐབ་འཛིང་མི་སྣ་ཇེ་ཉུང་དུ་གཏོང་རྒྱུ་ཐག་བཅད་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་རྟེན་གཞི་གཉིས་ནས་ཕྱིར་འཐེན་བྱས་པའི་འཐབ་འཛིང་མི་སྣའི་བྱ་བ་དེ་ཟླ་དགུ་བའི་ཟླ་མཇུག་ཏུ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། དེའི་འཕྲོའི་མི་སྣ་དག་གིས་མུ་མཐུད་དུ་རྒྱབ་སྐྱོར་འདོན་སྤྲོད་དང་གསང་འཕྲིན་མཉམ་སྤྱོད་སོགས་ཀྱི་ལས་འགན་ལག་བསྟར་བྱེད་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་དུས་བཅད་ལྟར་གྲོས་ཚོགས་སྤེལ་ཏེ། དབྱི་ལིང་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ལོ་མཇུག་གི་སྔོན་ལ་འཐབ་འཛིང་མ་ཡིན་པར་བསྒྱུར་བའི་བར་བརྒལ་ཡོངས་འགྲུབ་བྱེད་པའི་བྱེ་བྲག་གི་ལས་རིམ་ལ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།