ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་པཱ་ཧུའུ་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གི་ལག་བསྟར་ཀྲུའུ་རིན་དུ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་ཅོར་ཏན་ནས་ཡོང་བའི་པཱ་ཧུའུ་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གི་ལག་བསྟར་ཀྲུའུ་རིན་དུ་བསྐོ་འཇོག་བྱས་ཏེ། མུའུ་ལན་པའོ་ནོའུ་ཁཱ་ཡི་ཚབ་ཏུ་ལས་འགན་ཁུར་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཀུའུ་ཐི་ལོས་སི་ཡིས་མུའུ་ལན་པའོ་ནོའུ་ཁཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་ལ་མགོ་ཁྲིད་བྱེད་པའི་སྐབས་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས་པ་དང་། ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དྲག་ཆས་འཁྲུག་རྩོད་ཁྲོད་ལོག་གཡེམ་དྲག་ཤུགས་གནད་དོན་གྱི་དམིགས་བསལ་འཐུས་མི་ཕཱ་ཐིན་ལའང་བཀའ་དྲིན་ཞུས། ཕཱ་ཐིན་གྱིས་པཱ་ཧུའུ་སི་ཡིས་ལས་འགན་ཁུར་རག་བར་མུ་མཐུད་དུ་ལག་བསྟར་ཀྲུའུ་རིན་ཚབ་མའི་ལས་འགན་ཁུར་རྒྱུ་རེད། 

བསྒྲགས་པ་ལྟར་ན། པཱ་ཧུའུ་སི་ཡིས་བུད་མེད་དང་བུ་མོ་ལོ་ཆུང་གི་ཁེ་དབང་དང་། ཕོ་མོ་འདྲ་མཉམ། ན་གཞོན་ལ་དབང་ཆ་སྩོལ་བ། སྤུས་ལེགས་སློབ་གསོ་དང་དབུལ་ཕོངས་སེལ་བ། བཟོད་སྒོམ་རང་བཞིན་གྱི་བཅོས་སྐྱོང་བཅས་ཀྱི་འདོད་བློ་བཏོན་ཡོད་ལ། མོར་ལོ་ངོ་སོ་ལྔའི་རིང་ལ་གཞི་རིམ་དང་རྒྱལ་ཁབ། ས་ཁོངས། རྒྱལ་སྤྱི་སོགས་རིམ་པ་སོ་སོའི་མགོ་ཁྲིད་ཉམས་མྱོང་ཡོད་པ་དང་། བུད་མེད་ལ་དབང་ཆ་སྩོལ་བ་དང་ཁེ་ཕན་ལ་སྐུལ་འདེད་གཏོང་བ་དང་། མཐོང་ཆུང་དང་དྲག་ཤུགས་གནད་དོན་ཐག་གཅོད་བྱེད་པ། རྒྱུན་མཐུད་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཆེད་ལས་ཤེས་བྱ་ལྡན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།