ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ནཱ་མཱ་ཞིང་ཆེན་དུ་ཚེས་བཅུ་གཉིས་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མིག་སྔར་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར། 

ཨར་ཅི་རི་ཡཱའི་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ནཱ་མཱ་ཞིང་ཆེན་ནས་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཟེར། 

ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། གང་ནུས་ཀྱིས་རྨས་མ་མྱུར་སྐྱོབ་བྱེད་དགོས་པའི་མཛུབ་སྟོན་བྱས། ཨར་ཅི་རི་ཡཱའི་འགྲིམ་འགྲུལ་སྡེ་ཁག་གིས་བསྟན་དོན། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཨར་ཅི་རི་ཡཱའི་འགྲིམ་འགྲུལ་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཐོག་མའི་ཟླ་ངོ་བདུན་ནང་འགྲིམ་འགྲུལ་དོན་རྐྱེན་ཁྲི་གཅིག་དང་སྟོང་ལྔ་ཙམ་བྱུང་ནས། མི་སྟོང་གཅིག་དང་དགུ་བརྒྱ་དོན་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཉིས་ཙམ་ལ་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།