ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུ་ཧན་ཐཱ་ལི་ཕན་གནས་སྐབས་སྲིད་གཞུང་གི་འམགོ་ཁྲིད་ཀྱིས་ཁཱ་ཐའར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལ་ཐུགས་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། ཨ་ཧྥུ་ཧན་གྱི་ཐཱ་ལི་ཕན་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཚབ་མ་མོ་ཧན་མོ་ཏེ·ཧ་སང·ཨ་ཧོང་ཏི་ཡིས་རྒྱལ་ས་པ་ཀི་ཏ་རུ་ཁཱ་ཐའར་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མོ་ཧན་མོ་ཏེ·པིན·ཨ་པུའུ་ཏུའུ་ལུ་ཧི་མན·ཨ་ལུ་སཱ་ཉི་དང་ཐུགས་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ། ཨ་ཧྥུ་ཧན་གྱི་མ་འོངས་བའི་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་གྲོས་མོལ་གནང་། 

ཨ་ཧྥུ་ཧན་གྱི་པཱ་ཧི་ཐ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཧ་སང·ཨ་ཧོང་ཏི་ཡིས་ཐུགས་འཕྲད་གནང་སྐབས་ཁཱ་ཐའར་རྒྱལ་ཁབ་ཀྱིས་ཨ་ཧྥུ་ཧན་ལ་རོགས་སྐྱོར་གནང་བ་དང་ཨ་ཧྥུ་ཧན་མི་དམངས་ཀྱིས་ཞི་བདེ་དང་བརྟན་བརླིང་འཚོལ་སྙེགས་བྱེད་པའི་འགྲོ་ལམ་སྟེང་བསྐྱོད་པར་རྒྱབ་སྐྱོར་དང་རོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས། ཨ་ལི་སཱ་ཉི་ཡིས། ཨ་ཧྥུ་ཧན་དང་ཁཱ་ཐའར་གཉིས་མ་འོངས་བར་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བསྟན།

གསར་འགྱུར་ལྟར་ན། ཨ་ལི་སཱ་ཉི་ཡིས་ཐེངས་འདིར་ཨ་ཧྥུ་ཧན་མི་རིགས་འདུམ་འགྲིག་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལཱ་དང་ཨ་ཧྥུ་ཀ་ན་སི་ཐན་གྱི་ཙུང་ཐུང་ཟུར་པ་ཁཱའར་ཀྲ་དབྱི་རྣམ་གཉིས་ལ་མཇལ་འཕྲད་གནང་བ་མ་ཟད། ཨ་ཧྥུ་ཧན་གྱི་མིག་སྔའི་གནས་བབ་འཕེལ་རྒྱས་དང་ཁོང་ཡངས་ཅན་གྱི་སྲིད་གཞུང་འཛུགས་པའི་ཐད་ལ་བགྲོ་གླེང་བྱས།

ཨ་ཧྥུ་ཧན་གྱི་ཧ་མཱ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། འདི་ནི་ཧ་སང·ཨ་ཧོང་ཏི་ཡིས་ཐཱ་ལི་པན་གནས་སྐབས་སྲིད་གཞུང་གི་ཙུང་ཐུང་ཚབ་མའི་འགན་བཞེས་ཚུན་དུ་ཆེས་ཐོག་མར་ཡོངས་བསྒྲགས་ངོ་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།