ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅུ་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མང་བོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅུ་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། གསུང་བཤད་གལ་ཆེན་དེས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་དང་མ་འོངས་པའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད་པར་འདོད། 

མཁས་པ་མང་བོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་ནས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་བ་དང་། འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ནས་རིམས་འགོག་བྱེད་པར་ཡར་སྐུལ་བྱས། དེ་པྲོག་གསར་གློ་ཚད་རིམས་ནད་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

རྒྱལ་ཁབ་མང་བོའི་མི་སྣས་ད་རུང་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཉེར་མཉམ་ལས་ཐད་གྲོས་གཞི་ལྔ་བཏོན་པར་དགོས་གལ་ཧ་ཅང་ཆེ། སང་ལོར་ཀྲུང་གོས་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པས། དེས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་ལེའུ་གསར་བ་ཞིག་འབྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།