ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱིས་སྲིད་གཞུང་གསར་བ་རྩ་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་ཉིན། ལེ་པཱ་ནུན་གྱི་ཙུང་ལིའི་འདེམ་སྒུག་མི་སྣ་མུས་ཁཱ་ཐིས་ཀྱིས་ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་གི་པཱ་པུའུ་ཏཱ་ཕོ་བྲང་ནས་གསར་འགོད་པར་ཐུག་འཕྲད་བྱས། 

ལེ་པཱ་ནུན་གྱི་ཙུང་ལིའི་འདེམ་སྒུག་མི་སྣ་མུས་ཁཱ་ཐིས་ཀྱིས་ཚེས་བཅུ་ཉིན་སྲིད་གཞུང་གསར་བ་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་དེའི་ལོ་གཅིག་ལྷག་རིང་གི་ཆབ་སྲིད་ཀྱི་ཛ་དྲག་གནས་བབ་ཞི་འཇགས་སུ་བཏང་བ་ཁྱབ་བསྒྲགས་བྱས། 

བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་དང་མུས་ཁཱ་ཐིས་ཀྱིས་ཉིན་དེར་རྒྱལ་ས་པེ་རུ་ཐི་རུ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་བཀའ་རྒྱ་བཀོད་པ་དང་། སྲིད་གཞུང་གསར་བར་ཁོངས་མི་ཉེར་བཞི་འདུས། 

མུས་ཁཱ་ཐིས་ཀྱིས་དེའི་རྗེས་སུ་ཙུང་ཐུང་བཞུགས་ཤག་གིས་གསར་འགོད་པར་བསྟན་དོན། ཁོས་གང་ནུས་ཀྱིས་ལེ་པཱ་ནུན་གྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་བཀག་འགོག་བྱས་ཏེ། རྒྱལ་ཁབ་ཡང་བསྐྱར་དར་རྒྱས་སུ་གཏོང་རྒྱུ་ཡིན་ཟེར། 

མུས་ཁཱ་ཐིས་ཀྱིས་བཤད་རྒྱུར། ལེ་པཱ་ནུན་གྱི་དཔལ་འབྱོར་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་། ཁོས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་བར་འབྲེལ་འདྲིས་བྱས་ཏེ། རོགས་སྐྱོར་ཐོབ་པར་བྱས་ནས་རྒྱལ་ཁབ་དེའི་གཞི་རྩའི་དགོས་མཁོར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ད་ལྟ་ལོ་རེ་ལྔ་ཡིན་པའི་མུས་ཁཱ་ཐིས་ཀྱིས་ཉིས་སྟོང་ལྔ་ལོ་དང་ཉིས་སྟོང་བཅུ་གཅིག་ལོར་ཐེངས་གཉིས་ལ་ལེ་པཱ་ནུན་གྱི་ཙུང་ལིའི་འགན་ཁུར་མྱོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།