ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཀུའེ་ནེ་ཡཱའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་ཀུའེ་ནེ་ཡཱའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཟེར། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀུའེ་ནེ་ཡཱའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་བྱ་འགུལ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ལས་ཁུངས་ཁྲོད་ཀྱི་ཐོབ་ཐང་ཚང་མ་གནས་སྐབས་སུ་མཚམས་བཞག་པ་ཡིན་ཟེར། 

ཀུའེ་ནེ་ཡཱ་ནས་ཚེས་ལྔ་ཉིན་དམག་དོན་སྲིད་འགྱུར་བྱུང་སྟེ། སྲིད་འགྱུར་དམག་མིས་ཙུང་ཐུང་ཁུང་ཏའེ་བཀག་འཇུག་བྱས་པ་དང་སྲིད་གཞུང་གཏོར་བ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་འཛུགས་རྒྱུའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།