ཀྲུང་གོ་བོད་ཀྱི་དྲ་བ།

མོ་ཞི་ཁོ་ལྷོ་ཕྱོགས་སུ་ས་ཡོམ་རིམ་པ7.1ཅན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས7ཉིན། མོ་ཞི་ཁོ་རྒྱལ་ཁབ་ས་ཡོམ་ཅུའུ་ཡིས་སྤེལ་བའི་གསར་འགྱུར་ལྟར་ན། མོ་ཞི་ཁོ་ལྷོ་ཕྱོགས་ཀྱི་གུ་ལེ་ལའོ་མངའ་སྡེ་རུ་ཉིན་དེར་ས་ཡོམ་རིམ་པ7.1ཅན་བྱུང་ཞིང་། རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུའང་ཡོམ་ཚོར་ཆེན་པོ་བྱུང་བ་རེད། 

ས་ཡོམ་དེ་ས་གནས་དེ་གའི་དུས་ཚོད་ཚེས7ཉིན་གྱི་ཆུ་ཚོད20དང་སྐར་མ47(པེ་ཅིང་གི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད9དང་སྐར་མ47 )སྟེང་བྱུང་ཞིང་། ཡོམ་ལྟེ་ནི་གུ་ལེ་ལའོ་མངའ་སྡེ་ཨ་ཁཱ་ཕུའུ་ཨེར་ཁའོ་གྲོང་ཁྱེར་ལྷོ་ནུབ་ཀྱི་སྤྱི་ལེ11མཚམས་སུ་ཡིན་ལ། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10རེད། མོ་ཞི་ཁོ་གྲོང་ཁྱེར་དུ་ས་ཡོམ་གྱི་ཉེན་བརྡ་གྲགས་མ་ཐག་མང་ཚོགས་སྐོར་ཞིག་ཁྲོམ་གཞུང་དུ་ཁ་འགྲེམས་བྱས། 

མོ་ཞི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁུ་ལའོ་ཏི་ཡཱ·ཞིན་པའོ་མུའུ་ཡིས་སྨྱན་བྱད་བརྒྱུད་ནས་བསྟན་དོན། མིག་སྔར་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ་རྒྱུ་ནོར་གྱི་གྱོང་གུད་དང་མང་ཚོགས་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད། 

མོ་ཞི་ཁོ་ནང་སྲིད་པུའུ་ཡི་མངའ་འོག་དམངས་སྲུང་སྡེ་ཁག་གིས་ས་ཡོམ་དང་འབྲེལ་བའི་འཕྲལ་སྡོམ་སྔོན་ཇུས་བཀོད་ཡོད་ཅེས་བསྟན།

ས་གནས་དེ་གའི་སྨྱན་བྱད་ཀྱིས་བསྒྲགས་པའི་གསར་འགྱུར་ལྟར་ན། མོ་ཞི་ཁོ་རྒྱལ་ཁབ་ཀྱི་ས་ཆ་མང་ཤོས་ལ་ཡོམ་ཚོར་བྱུང་བ་མ་ཟད། ས་ཁུལ་ཁག་ཞིག་ལ་གློག་ཆད་པའི་སྣང་ཚུལ་ཡང་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།