ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་ཨ་མེ་རི་ཁས་འཛམ་གླིང་ཞི་བདེ་ལ་གཏོར་བརླག་བྱས་པར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་ནེ་ཀིའི་གྲོས་ཚོགས་སྟེང་ཨ་ཧྥུའུ་ཧན་གྱི་གནས་བབ་གླེང་སྐབས་བཤད་རྒྱུར། ལོ་རྒྱུས་ལས་ཨ་མེ་རི་ཁས་རྒྱལ་ཁབ་དང་ས་ཁུལ་གཞན་པར་དམག་དཔུང་བཀོད་སྒྲིག་བྱས་པ་དེ་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་གཏན་འཇགས། ཞི་བདེ་བཅས་ལ་ཕན་ཐོགས་མེད་པ་ལོ་རྒྱུས་ལས་ཐེངས་མང་བོར་བདེན་དཔང་ཐོབ་ཡོད་ཟེར། 

ལའེ་ཞེ་ཡིས་ཚོགས་ཐོག་ནས་བཤད་རྒྱུར། འདས་པའི་ལོ་ཉི་ཤུའི་རིང་ཨ་ཧྥུའུ་ཧན་ནས་བྱུང་བའི་གནས་ཚུལ་ནི་དེང་སྐབས་མངོན་སུམ་འཛེམ་མེད་ཀྱིས་འགྲོ་མིའི་ཐོབ་ཐང་ལ་གནོད་སྐྱེལ་བའི་མཚོན་རྟགས་མངོན་གསལ་ཅིག་རེད་ཟེར། 

ལའེ་ཞེ་ཡིས་བཤད་རྒྱུར། ལོ་མང་བོའི་རིང་ལ་ཤི་རྨས་བཟོས་པ་དང་དབང་བོ་སྐྱོན་ཅན་དུ་གྱུར་བའི་ཨ་ཧྥུའུ་ཧན་གྱི་བུད་མེད་དང་བྱིས་པའི་ཁ་གྲངས་ཁོ་ནར་བལྟས་ན། ཨ་ཧྥུའུ་ཧན་གྱིས་གྲགས་སྒྲ་མེད་པའི་གནོད་འཚེ་ཞིག་འབྱུང་བཞིན་པ་ཤེས་ཐུབ། ཨ་མེ་རི་ཁས་ས་ཁུལ་གཞན་དུ་དམག་དོན་བཀོད་སྒྲིག་བྱས་པ་ལས་བདེ་འཇགས་བསྐྲུན་མྱོང་མེད་པ་དང་། བདེ་འཇགས་དང་གཏན་འཇགས། ཞི་བདེ་བཅས་ལ་གཏོར་བརླག་བྱས་ཡོད་ཟེར། 

ཨ་མེ་རི་ཁས་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ཀྱང་། དེས་སྤེལ་བའི་ལོ་ངོ་ཉི་ཤུ་ལྷག་གི་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ལ་རྒྱལ་སྤྱིའི་སྟེང་ཀུན་གྱིས་དོགས་པ་ཟ་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།