ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པས་ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲི་མན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཆིན་ཀང་གིས་ཚེས་བཅུ་གཉིས་ཉིན་ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲི་མན་ལ་ཐུག་འཕྲད་བྱས། ཧྲི་མན་གྱིས་ཆིན་ཀང་ཨ་མེ་རི་ཁར་ཡོང་ནས་ལས་འགན་གསར་བ་ཁུར་བར་དགའ་བསུ་ཞུས་པ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེའི་ལས་འགན་ལག་བསྟར་ཐད་སྟབས་བདེ་བཟོས་ནས་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

ཆིན་ཀང་གིས་ཨ་མེ་རི་ཁས་རང་གི་ལས་འགན་ལག་བསྟར་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཆིན་ཀང་གིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་བཞི་མདོ་གསར་བ་ཞིག་ཏུ་ཡོད། ཁོས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་ལོའི་ལུགས་རྙིང་གནམ་གང་ལ་ཁ་པར་གྲོས་མོལ་མཛད་པའི་དགོངས་དོན་གཞིར་བཟུང་སྟེ། ཨ་མེ་རི་ཁའི་བར་དུས་ལྟར་འབྲེལ་འདྲིས་གྲོས་མོལ་བྱེད་པར་ཤུགས་སྣོན་པ་དང་། ཧུར་ཐག་སྒོས་གཏན་འཇགས་ཚོད་འཛིན་ཐུབ་པ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། མུ་མཐུད་དུ་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་པར་ཡིད་འཐད་བྱུང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།