ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱའི་ཕྱི་འབྲེལ་བློན་ཆེན་གྱིས་པྲོག་གསར་ནད་དུག་གི་མགོ་ཁུངས་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་བཅུ་ཉིན་ཀྲུང་གོས་པྲོག་གསར་རིམས་ནད་འགོག་རྒོལ་ཐད་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་པ་དང་། པྲོག་གསར་ནད་དུག་གི་མགོ་ཁུངས་གནད་དོན་དེ་ཆབ་སྲིད་ཅན་དང་སྦགས་བཙོག་ཅན་དུ་བསྒྱུར་བར་ངོ་རྒོལ་བྱས། 

ལོ་ཏི་ལི་ཀི་སི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁུ་པཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་དང་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པའི་འབོད་སྐུལ་བཏང་བ་དང་། པྲོག་གསར་ནད་དུག་གི་མགོ་ཁུངས་ཞིབ་འཇུག་བྱེད་པའི་བྱ་བ་དེ་ཆབ་སྲིད་ཅན་དང་ཆེད་དམིགས་ཅན། སྦགས་བཙོག་ཅན་དུ་བསྒྱུར་བར་ཁས་ལེན་བྱེད་མི་སྲིད་པའི་ཚུལ་བསྟན་པ་དང་། ཁུ་པཱ་ཡིས་བལྟས་ན་ཀྲུང་གོས་མངོན་གསལ་དང་འགན་ཁུར་བའི་རྣམ་འགྱུར་གྱིས་རིམས་ནད་འགོག་རྒོལ་ཐད་བྱས་རྗེས་བཞག་ཡོད་པར་འདོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།