ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཚོང་རྫས་ཕྱིར་གཏོང་གྲངས་ཀ་བསྟུད་མར་ཟླ14རིང་འཕར་བ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུའུ་ཡིས་ཚེས9ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། བྱ་བའི་ཉིན་དང་དུས་ཚིགས་སྙོམས་སྒྲིག་བྱས་པ་བརྒྱུད། ཟླ6པར་འཇར་མན་གྱི་ཚོང་རྫས་ཕྱིར་གཏོང་གྲངས་ཀ་བསྟུད་མར་ཟླ་འགའི་རིང1.3%འཕར་ཞིང་། བསྟུད་མར་ཟླ14རིང་ལ་གོང་དུ་འཕར་བ་དང་། ཚོང་རྫས་ཕྱིར་གཏོང་གྲངས་ཀ་བསྟུད་མར་ཟླ་འགར0.6%འཕར་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཟླ6པར་འཇར་མན་གྱི་ཚོང་རྫས་ཕྱིར་གཏོང་གྲངས་ཀ་དང་ནང་འདྲེན་གྲངས་ཀ་དུས་མཉམ་ལས་སོ་སོར23.6%དང27%འཕར་ཡོད། ཟླ་དེར། འཇར་མན་གྱིས་ཡོ་རོབ་མནའ་འབྲེལ་ཁོངས་མི་རྒྱལ་ཁབ་ཀྱི་ཕྱིར་གཏོང་གྲངས་ཀ་དང་ནང་འདྲེན་གྲངས་ཀ་དུས་མཉམ་ལས་སོ་སོར26.1%དང22.1%འཕར་ཞིང་། ཡོ་རོབ་མནའ་འབྲེལ་ལས་གཞན་པའི་རྒྱལ་ཁབ་དང་ས་ཁུལ་གྱི་ཕྱིར་གཏོང་གྲངས་ཀ་དང་ནང་འདྲེན་གྲངས་ཀ་དུས་མཉམ་ལས་སོ་སོར20.7%དང33%འཕར་ཡོད།

གཞི་གྲངས་ལས་ད་དུང་མངོན་པ་ལྟར་ན། ཟླ་དེར་ཀྲུང་གོ་ནི་འཇར་མན་གྱི་ནང་འདྲེན་ཡོངས་ཁུངས་རྒྱལ་ཁབ་ཆེས་ཆེ་ཤོས་དེ་ཡིན་ལ། འཇར་མན་གྱིས་ཀྲུང་གོ་ནས་ནང་འདྲེན་བྱེད་ཚད་ཡོ་སྒོར་དུང་ཕྱུར109ཡིན་ཞིང་། དུས་མཉམ་ལས11.1%འཕར་བ་དང་། འཇར་མན་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཡོ་སྒོར་དུང་ཕྱུར95ཡིན་ལ། དུས་མཉམ་ལས16%འཕར། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།