ཀྲུང་གོ་བོད་ཀྱི་དྲ་བ།

ཙམ་པབ་ཝེའི་ཙུང་ཐུང་གིས་ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ས་གནས་དཔལ་འབྱོར་ལ་སྐུལ་སྤེལ་ཆེན་པོ་བྱེད་ཐུབ་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙམ་པབ་ཝེ་ཡི་ཙུང་ཐུང་ཨེར་ཏི་ཅ་ལོན་ཀུའུ་ཡིས་ཚེས་ལྔ་ཉིན་བསྟན་དོན།    ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཞིན་ཞི་མིན་མུའུ་ཝན་སཱ་ཁ་ཕུའུ་ཝེ་ཕུའུ་ཝེ་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ས་དེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་ཆེན་པོ་བྱེད་ཐུབ་ངེས་ཡིན་ཟེར།

ཀྲུང་གོའི་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཞིན་ཞི་མིན་མུའུ་ཝན་སཱ་ཁ་ཕུའུ་ཝེ་ཕུའུ་ཝེ་རྒྱལ་སྤྱིའི་གནམ་གྲུ་ཐང་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཉིན་དེར་ཙམ་པབ་ཝེ་ཡི་ཐུང་ཏེ་ཞིང་ཆེན་གྱི་ལྟེ་གནས་ཨིན་ཏོ་ལཱ་རུ་སྤེལ་བ་དང་།  ལོན་ཀུའུ་དང་ཙམ་པབ་ཝེ་སྲིད་གཞུང་གི་དཔོན་དམག    ཀྲུང་གོའི་མཁའ་འགྲུལ་རྒྱལ་སྤྱིའི་འཐུས་མི་སོགས་མཛད་སྒོར་ཞུགས།

ལོན་ཀུའུ་ཡིས་ཤིས་ཚིག་འབུལ་སྐབས་བསྟན་དོན།  ཀྲུང་གོའི་མཁའ་འགྲུལ་རྒྱལ་སྤྱི་ཡིས་གནས་དེ་རུ་ལས་ཞུགས་ཀྱི་གོ་སྐབས་མང་པོ་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་།     རྒྱལ་སྤྱིའི་གནམ་གྲུ་ཐང་དེ་བཀོལ་སྤྱོད་བྱས་རྗེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་ཆེན་པོ་བྱེད་ཐུབ་ངེས་ཡིན་ཟེར། ཁོས་བསྟན་དོན།   རྒྱལ་སྤྱིའི་གནམ་གྲུ་ཐང་དེ་སྤྱོད་འགོ་ཚུགས་པ་ནི་ཙམ་པབ་ཝེ་ཡི་མཁའ་འགྲུལ་ལོ་རྒྱུས་སྟེང་གི་གལ་ཆེའི་ལམ་ཚད་རྡོ་རིང་ཞིག་ཡིན་པ་དང་།    ཙམ་པབ་ཝེ་ཡིས་ཨ་ཧྥེ་རི་ཁ་ལྷོ་མའི་མཁའ་འགྲུལ་ལྟེ་གནས་ཀྱི་དམིགས་འབེན་ཕྱོགས་སུ་གོམ་པ་བརྟན་པོ་ཞིག་སྤོས་པ་ཡིན་ཟེར།

ཀྲུང་གོའི་མཁའ་འགྲུལ་རྒྱལ་སྤྱིའི་མཐོ་རིམ་བློ་འདོན་པ་ལུའེ་དབྱིན་ཆི་ཡིས་བསྟན་དོན།    ཁེ་ལས་ཀྱིས་གནམ་གྲུ་ཐང་འཛུགས་སྐྲུན་ཁྲོད་ཞུགས་པའི་ས་གནས་ལས་བཟོ་བ་སྟོང་གསུམ་ཙམ་ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་།  ཁོ་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་བྱེད་ནུས་ཆེན་པོ་འདོན་ཐུབ་པའི་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།