ཀྲུང་གོ་བོད་ཀྱི་དྲ་བ།

ལཱ་མཱ་ཧྥུའུ་སཱ་ཡིས་གཞི་ཁྱོན་ཆེ་བའི་སྒོ་ནས་ནེ་ཀི་བཅོས་སྒྲིག་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཚེས་ལྔ་ཉིན་ནེ་ཀིའི་ཁོངས་མིར་གཞི་ཁྱོན་ཆེ་བའི་བཅོས་སྒྲིག་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་།  དེའི་ནང་སྡེ་ཁག་ཁ་ཤས་མེད་པར་བཟོ་བ་དང་མཉམ་སྒྲིལ་བྱེད་པ།    པུའུ་ཀྲུང་གསར་པ་བཅུ་བསྐོ་འཇོག་བྱེད་པ་སོགས་འདུ།

ལཱ་མཱ་ཧྥུའུ་སཱ་ཡིས་ཉིན་དེའི་དགོང་མོར་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་ཁྲོད་བསྟན་དོན།    ཨ་ཧྥེ་རི་ཁ་ལྷོ་མ་མིག་སྔར་འགྲན་རྩོད་མང་པོར་འཕྲད་ཡོད་པ་དང་།  དེའི་ནང་མྱུར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་འདུ་བས།   ཁོས་ནེ་ཀི་བཅོས་སྒྲིག་བྱས་ཏེ་སྲིད་གཞུང་གིས་འགྲན་རྩོད་དེ་དག་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་རྒྱུ་ཐག་བཅད་པ་ཡིན།  ཐག་གཅོད་ཁྲོད་དུ་མི་སྡོད་དང་ཆུ་བེད་དང་སྤྱི་བའི་འཕྲོད་བསྟེན་པུའུ་མེད་པར་བཟོས་ཏེ་མི་སྡོད་པུའུ་དང་ཆུ་བེད་དང་འཕྲོད་བསྟེན་པུའུ་གཉིས་སུ་བསྒྱུར་བ་དང་།    རྒྱལ་ཁབ་བདེ་འཇགས་པུའུ་མེད་པར་བཟོས་ཏེ་ཙུང་ཐུང་སྒར་རྒྱལ་ཁབ་བདེ་འཇགས་ཅུའུ་རུ་མཉམ་སྒྲིལ་བྱེད་རྒྱུ་སོགས་ཡོད།

ཟླ་བདུན་པའི་ཟིང་སློང་དོན་རྐྱེན་དེའི་རིགས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་ཆེད།  ལཱ་མཱ་ཧྥུའུ་སཱ་ཡིས་ཆེད་དོན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཨ་ཧྥེ་རི་ཁ་ལྷོ་མའི་སྤྱི་བའི་བདེ་འཇགས་ཐད་གནས་པའི་གནད་དོན་ལ་ཞིབ་བཤེར་བྱེད་པར་མ་ཟད་བསམ་འཆར་དང་གྲོས་གཞི་འདོན་པའི་འགན་ཁུར་དུ་འཇུག་རྒྱུ་ཁྱབ་བསྒྲགས་བྱས།    ལཱ་མཱ་ཧྥུའུ་སཱ་ཡིས་པུའུ་ཀྲང་བཅུ་དང་པུའུ་ཀྲང་གཞོན་པ་བཅུ་བསྐོ་འཇོག་བྱས་པ་དང་།  དེའི་ནང་ཙུང་ཐུང་སྒར་གྱི་པུའུ་ཀྲང་དང་འཕྲོད་བསྟེན་པུའུ་ཀྲང་། ནོར་སྲིད་པུའུ་ཀྲང་།   རྒྱལ་སྲུང་པུའུ་ཀྲང་སོགས་འདུ།  དེ་མིན་ད་རུང་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་ཞིག་གསར་དུ་བསྐོ་འཇོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།