ཀྲུང་གོ་བོད་ཀྱི་དྲ་བ།

ཏཱ་སུའུ་ཆུ་གློག་ས་ཚིགས་ཀྱི་ལས་རེས་རླངས་འཁོར་ལ་འཇབ་རྒོལ་དུ་ཞུགས་པའི་དོགས་གཞི་མི་སྣ2འཛིན་བཟུང་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཟླ7པའི་ཚེས29ཉིན་གྱི་ཕྱི་འབྲེལ་པུའུ་ཡི་གསར་འགོད་པའི་ཚོགས་འདུ་སྟེང་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཕ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས28ཉིན་ཏཱ་སུའུ་ཆུ་གློག་ས་ཚིགས་ཀྱི་ལས་རེས་རླངས་འཁོར་ལ་འཇབ་རྒོལ་དུ་ཞུགས་པའི་དོགས་གཞི་མི་སྣ2འཛིན་བཟུང་བྱས་ཟེར། ད་ལྟ་ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་ཀྱིས་དོན་རྐྱེན་དེར་མཉམ་འབྲེལ་སྒོས་བརྟག་ཞིབ་བྱེད་བཞིན་པའི་སྒང་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕ་ཁི་སི་ཐན་ཕྱོགས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་དོན་དངོས་རྩད་ཆོད་པ་དང་། དོན་རྐྱེན་གྱི་ལག་དམར་ལ་ཆད་གཅོད་ནན་མོ་བྱེད་པའི་དུས་མཚུངས་སུ། ཁྱོན་ཡོངས་ནས་ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་ལས་གཞི་མི་སྣ་དང་། སྡེ་ཁག་བདེ་འཇགས་ལ་ཁག་ཐེག་བྱས་ནས། དོན་རྐྱེན་དེ་རིགས་མི་འབྱུང་བར་འགོག་སྲུང་བྱེད་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།