ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཧྥོ་ལའོ་ལིས་ཏཱ་མངའ་སྡེ་ཡི་ཐོག་ཁང་བརྡིབས་པའི་དོན་རྐྱེན་ཁྲོད་མི་གོ་བདུན་རྐྱེན་ལམ་དུ་ཤོར་བ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཧྥོ་ལའོ་ལིས་ཏཱ་མངའ་སྡེ་ཡི་མི་སྡོད་ཐོག་ཁང་བརྡིབས་ནས་ཟླ་གཅིག་རིང་བ་དང་། མའེ་ཨ་མུས་ཏའེ་ཏི་རྫོང་གི་མེ་གསོད་མྱུར་སྐྱོབ་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་ཐེངས་འདིའི་ཆག་སྒོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཡི་བེམ་པོ་བཙལ་བའི་ལས་སྒོ་ཡོངས་སུ་མཇུག་རྫོགས་པ་བསྒྲགས། དོན་རྐྱེན་དེའི་ཁྲོད་ཉུང་མཐར་ཡང་མི་གོ་བདུན་རྐྱེན་ལམ་དུ་ཤོར་བ་གསལ་བསྒྲགས་བྱས།

མའེ་ཨ་མུས་ཏའེ་ཏི་རྫོང་གི་རྫོང་དཔོན་ཁཱ་ཨར་གྱིས་བཤད་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་ནི་ང་ཚོ་གཞིས་ཁུལ་ལོ་རྒྱུས་སྟེང་གི་སྐྱོ་གར་ཆེན་པོ་ཞིག་ཡིན་ཟེར། ཁཱ་ཨར་གྱིས་གཟའ་འཁོར་འདིའི་ནང་བཤད་རྒྱུར། འབྲེལ་ཡོད་སྡེ་ཁག་གིས་བེམ་པོ་གོ་བདུན་རྙེད་པ་གཏན་འཁེལ་བྱས་པ་དང་། ད་དུང་འདས་པོ་གཅིག་གི་བེམ་པོ་གསལ་བོ་ཐག་ཆོད་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།