ཀྲུང་གོ་བོད་ཀྱི་དྲ་བ།

ཅ་ཧྲ་གྲོང་ཁྱེར་ལྟེ་གནས་ཀྱི་ཚོང་ར་ཞིག་ཏུ་ཉིན་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་རྨས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དོན་དངོས་སུ་ཅ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་འགུལ་སྐྱོད་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་དོན། ཅ་ཧྲ་གྲོང་ཁྱེར་ལྟེ་གནས་ཀྱི་ཚོང་ར་ཞིག་ཏུ་ཉིན་དེར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་རྨས་ཟེར།

ཧ་མ་སི་འཕྲོད་བསྟེན་ལས་ཁུངས་ཀྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བཤད་དོན། ལོ་རེ་ལྔ་ཡིན་པའི་ལོ་ལོན་ཞིག་ཐེངས་འདིའི་འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་རྨས། ཧ་མ་སི་ནང་སྲིད་ལས་ཁུངས་ཀྱིས་བཤད་དོན། འགས་གཏོར་བྱུང་ས་ནི་གྲོང་ཁྱེར་ལྟེ་གནས་ཀྱི་མང་ཚོགས་སྡོད་ཁུལ་ཞིག་ཡིན་པ་དང་། མེ་གསོད་མི་སྣ་ཡུལ་དངོས་སོང་སྟེ་འགས་གཏོར་ལས་བྱུང་བའི་མེ་སྐྱོན་བསད། ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་བྱུང་རྐྱེན་ལ་ཞིབ་བཤེར་བྱེད་བཞིན་ཡོད་ཟེར།

མཐོང་མཁན་གྱིས་བཤད་པ་ལྟར་ན། འགས་གཏོར་བྱུང་བའི་སྒྲ་ཤིན་ཏུ་ཆེ་བ་དང་། སོལ་རླངས་བླུག་སྣོད་ཅིག་འགས་གཏོར་བྱུང་ནས་ཉེ་འདབས་ཀྱི་ཁང་བ་དང་ཚོང་ཁང་ལ་གཏོར་བརླག་ཚབས་ཆེན་བཟོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།