ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལིའི་བར་བརྒལ་ཙུང་ཐུང་ལ་ཉེས་དམིགས་མ་གྲུབ་པའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་མཱ་ཁུ་ཡི་ཆ་འཕྲིན་ལྟར་ན། མཱ་ལིའི་ཙུང་ཐུང་བཞུགས་སྒར་ཡིས་ཚེས20ཉིན་བདེན་དཔང་བྱས་དོན། ཉིན་དེར་རྒྱལ་ས་པཱ་མཱ་ཁུ་རུ་བྱུང་བའི་བར་བརྒལ་ཙུང་ཐུང་འ་ཞི་མུས་གི་དབྱི་ཐ་ལ་དམིགས་པའི་འཇབ་རྒོལ་བྱེད་པའི་དོན་རྐྱེན་ཞིག་བྱུང་། 

མཱ་ལིའི་ཙུང་ཐུང་བཞུགས་སྒར་གྱིས་སྨྱན་བྱད་རྩིས་ཐོའི་སྟེང་གསལ་བསྒྲགས་སྤེལ་དོན། གྲི་བཟུང་མཁན་གྱི་འཇབ་རྒོལ་བ་ཞིག་ལ་ལྟ་སྲུང་བས་བཟུང་བ་དང་། འབྲེལ་ཡོད་བརྟག་དཔྱད་བྱ་བ་སྤེལ་ཟིན་ཟེར།

ས་གནས་སྨྱན་བྱད་ཀྱིས་བསྒྲགས་དོན། འཇབ་རྒོལ་བྱུང་བའི་སྐབས་སུ། ཀི་དབྱི་ཐ་ཡིས་དབྱི་སི་ལན་གྱི་ཆོས་ཁང་ཞིག་ཏུ་ཕྱུགས་རའི་དུས་ཆེན་ལ་ཞུགས་བཞིན་པའི་སྒང་རེད། མཱ་ལིའི་དྲ་ཚིགས“མཱ་ལིའི་བརྡ་འཕྲིན་དྲ་བས”ཡུལ་དངོས་ཀྱི་མི་ཞིག་གིས་བཤད་པ་ལྟར་ན། འཇབ་རྒོལ་བྱེད་མཁན་ཞིག་གིས་ཀི་དབྱི་ཐར་འཇབ་རྒོལ་བྱེད་པར་གྲ་སྒྲིག་བྱས་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་མི་གཞན་ཞིག་ལ་རྨས་ཕོག་ཟེར། 

ད་ལོའི་ཟླ5བའི་ཚེས24ཉིན། འུན་ཏའོ་ཡིས་སྐབས་གསར་བའི་བར་བརྒལ་སྲིད་གཞུང་གི་མིང་ཐོ་བསྒྲགས་པ་དང་། འུན་ཏའོ་དང་སྐབས་དེར་བར་བརྒལ་ཙུང་ལིའི་འགན་ཁུར་ཡོད་པ་དེ་དམག་མིས་པཱ་མཱ་ཁུ་ཡི་དམག་སྒར་ཞིག་ཏུ་ཁྲིད་དེ། མིང་ཐོའི་བྱ་བར་ཛ“བསམ་བློ་བརྗེ་རེས”བྱས། ཚེས26ཉིན། མཱ་ལིའི་དམག་དཔུང་ཕྱོགས་ཀྱིས་བཤད་པ་ལྟར་ན། འུན་ཏའོ་ཉིན་དེར་ལས་གནས་ནས་ཕྱིར་བུད་ཟེར། མཱ་ལིའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས28ཉིན་བསྒྲགས་དོན། ཀི་དབྱི་ཐ་ཡིས་བར་བརྒལ་ཙུང་ཐུང་གི་འགན་ཁུར་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།