ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་བྱུང་བའི་ནད་པ190671330ལ་སླེབས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས20ཉིན་བསྒྲགས་པའི་གནས་ཚུལ་གསར་ཤོས་ལྟར་ན། འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་བྱུང་བའི་ནད་པ190671330ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་རྒྱའི་སྟེང་གི་གནས་ཚུལ་གསར་ཤོས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཁུལ་གྱི་དུས་ཚོད་ཚེས20ཉིན་གྱི་ཕྱི་དྲོའི་དུས་ཚོད18དང་སྐར་མ42བར་དུ། (པེ་ཅིང་གི་དུས་ཚོད་ཚེས21ཉིན་གྱི་དུས་ཚོད0དང་སྐར་མ42སྟེང)འཛམ་གླིང་ཡོངས་སུ་གཏན་འཁེལ་བྱས་པའི་ནད་པ་ཉིན་སྔོན་མ་ལས390026གསར་དུ་འཕར་ནས། ནད་པ190671330སླེབས། ཤི་བའི་ནད་པ6424ཇེ་མང་དུ་སོང་བ་དང་བསྡོམས་པས4098758ལ་བུད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།