ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་བྱུང་བའི་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་དགུ་འབུམ་ལྔ་ཁྲི་དགུ་སྟོང་བདུན་བཞི་བརྒྱ་དགུ་ལ་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པའི་གནས་ཚུལ་གསར་ཤོས་ལྟར་ན། འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་བྱུང་བའི་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་དགུ་འབུམ་ལྔ་ཁྲི་དགུ་སྟོང་བདུན་བཞི་བརྒྱ་དགུ་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་གསར་ཤོས་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་དབུས་ཁུལ་གྱི་དུས་ཚོད་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ཞེ་གཉིས་བར་དུ། འཛམ་གླིང་ཡོངས་སུ་གཏན་འཁེལ་བྱས་པའི་ནད་པ་ཉིན་སྔོན་མ་ལས་འབུམ་བཞི་དང་ཁྲི་གཉིས་སྟོང་བདུན་ལྔ་བརྒྱ་དོན་དྲུག་གསར་དུ་འཕར་བ་དང་། ཁྱོན་བསྡོམས་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་དགུ་འབུམ་ལྔ་ཁྲི་དགུ་སྟོང་བདུན་བཞི་བརྒྱ་དགུ་སླེབས། ཉིན་དེའི་རིང་མི་སྟོང་བདུན་བརྒྱ་དང་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ཁྱོན་བསྡོམས་མི་ས་ཡ་བཞི་དང་ཁྲི་དགུ་སྟོང་གསུམ་བརྒྱ་དང་ཞེ་ལྔ་རིམས་ནད་ཁྲོད་ཤི།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།