ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དུ་སྡོད་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་ཁང་གིས་ཐ་ལིས་པན་གྱི་དམག་དོན་རྒོལ་བ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་དང་ཧྥ་རན་སི། འཇར་མན། དབྱིན་ཇི། འཇར་པན། ཧན་གོ་སོགས་རྒྱལ་ཁབ་མང་པོའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཁང་དུ་མ་དང་ཨ་ཧྥུའུ་ཧན་དུ་སྡོད་པའི་ཡོ་རོབ་མནའ་འབྲེལ་འཐུས་ཚབ་ཚོགས་པ། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་མཐོ་རིམ་དམངས་དོན་འཐུས་ཚབ་གཞུང་སྒྲུབ་ཁང་བཅས་ཀྱིས་ཚེས་བཅོ་བརྒྱད་ཉིན་མཉམ་དུ་གསལ་བསྒྲགས་སྤེལ་ཏེ། ཐ་ལིས་པན་གྱིས་མྱུར་མོར་དམག་དོན་རྒོལ་བ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

གསལ་བསྒྲགས་ལས་བཤད་རྒྱུར། ཐ་ལིས་པན་གྱི་དམག་དོན་སྦྱོར་བ་དྲག་པོས་ཨ་ཧྥུའུ་ཧན་གྱི་ཞི་བདེ་འཕེལ་རིམ་ལ་འགོག་རྐྱེན་བཟོས་ཏེ། དམངས་ཕལ་བ་མི་ཉུང་བ་ཞིག་ལ་རྨས་སྐྱོན་བཟོས་ནས་གར་འགྲོ་གར་གཏད་མེད་པའི་གནས་སུ་བསྐྱལ། ཨ་ཧྥུའུ་ཧན་གྱི་ས་གནས་སོ་སོ་ནས་བྱུང་བའི་ལྐོག་གསོད་སྦྱོར་ངན་གྱིས། གནད་འགག་རྨང་གཞིའི་སྒྲིག་ཆས་གཏོར་བཅོམ་བཏང་བ་དང་། མིའི་བདག་དབང་ལ་བཙན་འཛུལ་གཉའ་གནོན་བྱེད་ཀྱིན་ཡོད་པའི་ཐད་རྒོལ་གཏམ་དྲག་པོ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།