ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་འཁྲུག་རྩོད་བྱུང་བའི་ཕྱོགས་སོ་སོས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་སྲོལ་རྒྱུན་བརྩི་སྲུང་བྱེད་དགོས་པའི་རེ་འབོད་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས15ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་འཁྲུག་རྩོད་བྱུང་བའི་ཕྱོགས་སོ་སོས་ཚེས་ཉེར་གསུམ་ཉིན་ཚོགས་མགོ་རྩོམ་པའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་སྲོལ་རྒྱུན་བརྩི་སྲུང་བྱེད་དགོས་པའི་རེ་འབོད་བཏོན།

ཀུའུ་ཐི་ལོས་སི་ཡིས་སྔོན་ལ་བཟོས་པའི་བརྙན་རིས་བརྒྱུད་དེ་ཤིས་ཚིག་འབུལ་སྐབས། ངས་འཁྲུག་རྩོད་བྱུང་བའི་ཕྱོགས་སོ་སོས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་སྲོལ་རྒྱུན་བརྩི་སྲུང་བྱེད་དགོས་པའི་རེ་འབོད་བཏོན་པར་མ་ཟད། ཕྱིན་ཆད་ཀྱི་གཟའ་འཁོར་འགའ་དང་ཟླ་འགའི་ནང་འཁྲུག་རྩོད་མཚམས་འཇོག་པར་ཤུགས་སྣོན་ངེས་ཡིན་ཞེས་བཤད།

ཀུའུ་ཐི་ལོས་སི་ཡིས་བཤད་དོན། ཉིན་འགའི་རྗེས་སུ་འཛམ་གླིང་གི་ས་གནས་སོ་སོའི་ལུས་རྩལ་པ་རྣམས་འཇར་པན་ཏུང་ཅིན་དུ་སོང་ནས་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་བཞིན་ཡོད། པྲོག་གསར་གློ་ཚད་རིམས་ནད་སྐབས་སུ་ཁོ་ཚོས་དཀའ་ངལ་དང་བར་ཆད་སྣ་ཚོགས་ཁྱད་སེལ་བྱས་ན་ད་གཟོད་འགྲམ་ཚོགས་དེ་ལ་ཞུགས་ཐུབ་ངེས་ཡིན། དེ་བས་ང་ཚོས་ངེས་པར་དུ་དེ་དང་འདྲ་བའི་སྟོབས་ཤུགས་དང་མཐུན་སྒྲིལ་སྙིང་སྟོབས་མངོན་པར་བྱས་ཏེ། ཧུར་ཐག་སྒོས་ང་ཚོའི་འཛམ་གླིང་ལ་ཞི་བདེ་གསར་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།