ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡའི་ཙུང་ལི་གཞོན་པས་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ཆུ་འདོན་མ་ལག་འཛུགས་སྐྲུན་བྱས་ཚེ་ས་གནས་སྡེ་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ངེས་ཡིན་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡའི་ཙུང་ལི་གཞོན་པ་ཞོར་དུ་གཏེར་ལས་དང་ནུས་ཁུངས་པུའུ་ཀྲང་གི་འགན་འཁུར་མཁན་མུའུ་ཧ་དབྱི་ལོ་ཝེ་ཆི་ཚེས་བརྒྱད་ཉིན་སེར་ཝེ་ཡའི་ཤར་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ས་གནས་ལ་ཆུ་འདོན་མ་ལག་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་ཏེ་བཤད་དོན། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ཞལ་འདེབས་ཕུལ་བ་དེས་ས་གནས་སྡེ་དམངས་ཀྱི་འཚོ་བའི་ཆ་རྐྱེན་་ལེགས་བཅོས་བྱེད་ངེས་ཡིན་ངེས་ཡིན།

མེ་ཐོ་ཧྥུའུ་ཉི་ཚ་སྡེ་བ་ནི་སེར་ཝེ་ཡའི་ཤར་ཕྱོགས་ཀྱི་པའོ་ཨར་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བཅུ་ཡོད་པའི་མཚམས་སུ་ཆགས་ཡོད་པ་དང་སྡེ་བ་ཡོངས་ལ་ད་དུང་རང་འབབ་ཆུ་འཐེན་མེད། ཀྲུང་གོའི་དངུལ་གཏོང་ཁེ་ལས་སེར་ཝེ་ཡ་ཙི་ཅིན་གཏེར་ལས་ཚད་ཡོད་ཀུང་ཟིས་ཚེས་བརྒྱད་ཉིན་པའོ་ཨར་གྲོང་ཁྱེར་སྲིད་གཞུང་དང་དེ་མིན་འཛུགས་སྐྲུན་འགན་ལེན་ཕྱོགས་ཀྱི་འཐུས་མི་དང་མཉམ་དུ་གན་རྒྱའི་སྟེང་མིང་བཀོད་ནས། ས་གནས་ལ་རང་འབབ་ཆུ་འདོན་སྤྲོད་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་ཐག་བཅད། མུས་ཧ་དབྱི་ལོ་ཝེ་ཆི་དང་པའོ་ཨར་གྲོང་ཁྱེར་གྱི་ཧྲི་ཀྲང་མུས་ལིས་ཅི་ཆི། སེར་ཝེ་ཡ་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ཚོང་གཉེར་མགོ་གཙོ་ལིའུ་ཁེ་སོགས་ཞལ་འདེབས་འབུལ་བ་དང་མིང་འགོད་པའི་མཛད་སྒོར་ཞུགས།

མུས་ཧ་དབྱི་ལོ་ཝེ་ཆི་ཡིས་བཤད་དོན། ཀྲུང་གོས་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས་པ་དེ་ལས་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ས་གནས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཕྱོགས་གཅིག་མཚོན་པར་བྱས་ཡོད། ས་གནས་ཀྱི་ཆུ་འདོན་དང་གློག་འདོན་མ་ལག་དང་དེ་མིན་བགྲོད་ལམ་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱེད་ངེས་ཡིན་ལ། གྲོང་གསེབ་སློབ་གྲྭའི་སློབ་གཉེར་བྱེད་བཞིན་པའི་སློབ་མ་བརྒྱ་ཕྲག་འགའི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་སྲིད་པ་དང་། ཁོ་ཚོར་ཡང་སྔར་ལས་མང་པོའི་ལས་ཞུགས་གོ་སྐབས་ཡོད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།