ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་གྱི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་འགའ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་སྨྱན་བྱད་ཀྱིས་ཚེས8ཉིན་བསྒྲགས་པ་ལྟར་ན། མི9བསྡད་ཡོད་པའི་གནམ་གྲུ་ཆུང་བ་ཞིག་ཉིན་དེའི་དགོང་མོར་སུའེ་ཏེན་དབུས་རྒྱུད་ཀྱི་གྲོང་ཁྱེར་འུ་ལུ་པུའུ་ལུའུ་ཡི་གནམ་གྲུ་ཐང་ནས་སར་ལྷུང་སྟེ། མི་འགའ་རྐྱེན་ལམ་དུ་ཤོར།

གསར་འགྱུར་ལས་བསྒྲགས་དོན། གནམ་གྲུ་ཆུང་བ་དེའི་སྟེང་མཆོངས་གདུགས་ལ་དགའ་མཁན་མི9ཡོད་པ་དང་། མྱུར་སྐྱོབ་མི་སྣས་བཤད་པ་ལྟར་ན། གནམ་གྲུ་འཕུར་མགོ་བརྩམས་ནས་ཅུང་མ་འགོར་བར་གནམ་གྲུ་ཐང་གི་རྒྱུགས་ལམ་སྟེང་དུ་ལྷུང་ཞིང་མེ་འབར་བ། ་ད་ལྟ་མེ་བསད་ཟིན།

ཉེན་རྟོག་ཕྱོགས་ཀྱིས་བདེན་དཔང་བྱས་དོན། དོན་རྐྱེན་གྱིས་མི་འགའ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ལྕི་མོ་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱས་ཤིང་། བྱེ་བྲག་གི་མི་རྐྱེན་ལམ་དུ་ཤོར་བའི་གྲངས་ཀ་ཁྱབ་བསྒྲགས་བྱས་མེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།