ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་གཞི་རྒྱ་ཆེ་བའི་སྒོ་ནས་ནེ་ཀི་བཅོས་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཚེས་བདུན་ཉིན་ནེ་ཀི་ལ་གཞི་རྒྱ་ཆེ་བའི་བཅོས་སྒྲིག་བྱས་པ་དང་། དེའི་ནང་འཕྲོད་བསྟེན་པུའུ་ཀྲང་སོགས་བརྗེ་སྤོར་བྱས། 

ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱ་གར་གྱི་འཕྲོད་བསྟེན་པུའུ་ཀྲང་ཝ་ཨར་ཏན་དང་རྫས་འགྱུར་བཟོ་ལས་དང་ལུད་རྫས་ཀྱི་པུའུ་ཀྲང་ཀའོ་ཏཱ་སོགས་པུའུ་ཀྲང་བཅུ་གཉིས་ཀྱིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྒྱ་གར་གྱི་ཙུང་ཐུང་ཁི་ཝུན་ཏི་ཡིས་ཁོ་ཚོའི་ལས་ཁུར་དགོངས་ཞུའི་སྙན་ཞུ་དང་ལེན་བྱས། 

མའོ་ཏིས་ཀྱིས་དེའི་རྗེས་སུ་ནེ་ཀིར་གཞི་རྒྱ་ཆེ་བའི་བཅོས་སྒྲིག་བྱས་པ་དང་། མན་ཏཱ་ཝེ་ཡཱ་ལ་འཕྲོད་བསྟེན་པུའུ་ཀྲང་དང་ཞོར་དུ་རྫས་འགྱུར་བཟོ་ལས་དང་ལུད་རྫས་ཀྱི་པུའུ་ཀྲང་གི་འགན་ཁུར་དུ་བཅུག་པ་དང་། ལི་ཅི་ཀྲུའུ་ལ་ཁྲིམས་འཛིན་པུའུ་ཀྲང་གི་འགན་ཁུར་དུ་བཅུག ཕྱི་འབྲེལ་པུའུ་ཀྲང་སུའུ་ཅེ་ཧྲིན་དང་རྒྱལ་སྲུང་པུའུ་ཀྲང་ཞིན་ཀི་སོགས་སྔོན་གྱི་ལས་གནས་སུ་སོར་འཇོག་བྱས། 

མའོ་ཏིས་ཀྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། སྲིད་གཞུང་གིས་མུ་མཐུད་དུ་མི་དམངས་ཀྱི་རེ་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ། སྟོབས་ལྡན་དང་དར་རྒྱས་ཀྱི་རྒྱ་གར་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར། 

འདི་ནི་མའོ་ཏིས་ཀྱིས་ཉིས་སྟོང་བཅུ་བཞི་ལོར་ལས་འགན་ཁུར་བའི་ཚུན་ལ་གཞི་རྒྱ་ཆེས་ཆེ་བའི་ནེ་ཀིའི་བཅོས་སྒྲིག་ཐེངས་ཤིག་ཡིན་པ་དང་། ཁོའི་ཉིས་སྟོང་བཅུ་དགུ་ལོ་ནས་མགོ་བརྩམས་པའི་འགན་ཡུན་གཉིས་པའི་ནང་གི་བཅོས་སྒྲིག་ཐོག་མ་རེད། 

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ནེ་ཀིའི་བཅོས་སྒྲིག་ནི་མའོ་ཏིས་སྲིད་གཞུང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ནུས་པ་ཞན་པར་སྐྱོན་འཛུགས་རྒྱ་ཆེར་བྱེད་པའི་གནས་ཚུལ་འོག་སྤེལ་བ་རེད། ནེ་ཀི་གསར་བའི་ནང་དུ་མི་གསར་བ་མང་བོ་ཞིག་བསྡུ་ལེན་བྱས་ཡོད་པ་དང་། དམིགས་ཡུལ་ནི་སྔར་ལས་བཟོད་སྒོམ་ལྡན་པའི་སྲིད་གཞུང་གི་སྣང་བརྙན་བསྐྲུན་པའི་ཆེད་ཡིན་པར་མ་ཟད། རྒྱ་གར་མི་དམངས་ཏང་ལ་སང་ལོའི་ས་གནས་འདེམ་བསྐོའི་ཁྲོད་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཐོབ་པར་རོགས་འདེགས་བྱེད་ཆེད་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།