ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སུའི་གཙོ་བདག་གིས་བརྙན་ལམ་བརྒྱུད་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་པར་ཁ་ཕྱོགས་གསལ་སྟོན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2526faf0c58b4c74b52186a1cc6b0c5b.jpeg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས28ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་བརྙན་ལམ་བརྒྱུད་ནས་ཐུག་འཕྲད་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཉམ་འབྲེལ་སྒོས་གསལ་བསྒྲགས་སྤེལ་དོན། 《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》(གཤམ་དུ《ཆིངས་ཡིག》ཞེས་བསྡུ་རྒྱུ)དངོས་སུ་དུས་ཚོད་རྒྱུན་སྲིང་རྒྱུའི་གཏན་འབེབས་གནང་བ་རེད།

ཨུ་རུ་སུའི་སྤྱི་ཚོགས་ལས་རིགས་ཁག་གིས《ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར20རིང་དུ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་གདེང་འཇོག་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཆིངས་ཡིག》དུས་འགྱངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་པར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་གསར་པ་བསྣན་ཡོད་པར་ངོས་འཛིན་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།