ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ཞུ་ལས་སྔོན་དཔག་བྱས་ན་ཨོ་སི་ཁྲུ་ལི་ཡའི་མི་གྲངས་འཕར་ཚད་ཇེ་དལ་དུ་གཏོང་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས28ཉིན། ཨོ་སི་ཁྲུ་ལི་ཡའི་རྒྱལ་མཛོད་པུའུ་ཡིས་ཚེས28ཉིན་ཁྱབ་བསྒྲགས་བྱས་པའི་ཆེས་གསར་བའི《མི་རབས་གཉིས་བར་གྱི་འབྲེལ་བའི་སྙན་ཞུ》ལས་སྔོན་དཔག་བྱས་ན། རྗེས་ཕྱོགས་ཀྱི་ལོ་ངོ40ནང་། ཨོ་སི་ཁྲུ་ལི་ཡར་མི་གྲངས་འཕར་ཚད་དལ་བ་དང་། རྒན་འགྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བའི་གནས་བབ་ཞིག་དང་འཕྲད་རྒྱུ་ཡིན་པ་དང་། དེས་དཔལ་འབྱོར་འཕེལ་རྒྱས་ལ་གནོན་ཤུགས་སྟེར་རྒྱུ་རེད།

ཨོ་སི་ཁྲུ་ལི་ཡའི་ལོ5རེ་ནང《མི་རབས་གཉིས་བར་གྱི་འབྲེལ་བའི་སྙན་ཞུ》ཁྱབ་བསྒྲགས་ཐེངས་གཅིག་བྱེད་བཞིན་ཡོད་པ་དང་། མི་གྲངས་ཀྱི་འགྱུར་ལྡོག་ཁ་ཕྱོགས་སྔོན་དཔག་བྱེད་པ་ཡིན། ཆེས་གསར་བའི་སྙན་ཞུ་ལས་མངོན་པ་ལྟར་ན། པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་པ་བརྒྱུད། འདས་པའི་ཟླ12རིང་ཨོ་སི་ཁྲུ་ལི་ཡའི་མི་གྲངས་འཕར་ཚད0.1%ཡིན་པ་དང་། བསྡུ་ལེན་བྱས་པའི་གནས་སྤོར་སྡོད་དམངས་ཀྱི་གྲངས་ཀ་མར་ཆགས་བཞིན་ཡོད། 

སྙན་ཞུའི་སྔོན་རྩིས་ལྟར་ན། ཨོ་སི་ཁྲུ་ལི་ཡའི་མི་གྲངས་དེ2060ལོ་ནས2061ལོའི་བར་ཁྲི3880ལ་སླེབས་པ་དང་། དེ་དུས་སྐབས་སྔོན་མའི་སྔོན་རྩིས་ཀྱི་གྲངས་ཀ་ལས་དུས་ཚོད་ལོ6གི་འཕྱི་བ་རེད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།