ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱ་ཡིས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ6པའི་ཚེས20ཉིན། ཨེ་མེ་ནི་ཡཱའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཕཱ་ཞེ་ནེ་དབྱང་ཨེ་ལི་ཝུན་གྱི་འདེམ་ཤོག་འཕེན་ས་ཞིག་ནས་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས། 

2.jpg

ཟླ6པའི་ཚེས20ཉིན། ཨེ་མེ་ནི་ཡཱའི་སྔོན་ཆད་ཀྱི་ཙུང་ཐུང་སཱ་ཨར་ཅི་ཞང་ཨེ་ལི་ཝུན་གྱི་འདེམ་ཤོག་འཕེན་ས་ཞིག་ནས་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་མེ་ནི་ཡཱ་ཡིས་ཚེས་ཉི་ཤུ་ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། བསྡོམས་པས་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་ཉེར་ལྔ་ཞུགས་ཡོད། 

ཨེ་མེ་ནི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཐེངས་འདིའི་འདེམ་བསྐོའི་ཐོ་འགོད་བྱས་པའི་འདེམ་དམངས་ཀྱི་མི་གྲངས་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བདུན་ལྷག་ལ་བསླེབས་པ་དང་། རྒྱལ་ཡོངས་སུ་བསྡོམས་པས་འདེམ་ཤོག་འཕེན་ས་སྟོང་གཉིས་དང་བརྒྱད་བཀོད་སྒྲིག་བྱས་ཡོད། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་སྔ་དྲོའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་བར་སྤེལ་བ་དང་། རྒྱལ་སྤྱིའི་ལྟ་ཞིབ་པ་བཞི་བརྒྱ་དང་གྱ་གསུམ་དང་ཨེ་མེ་ནི་ཡཱའི་ལྟ་རྟོག་མི་སྣ་སྟོང་བརྒྱད་དང་བདུན་བརྒྱ་ཞེ་དགུ་ཡིས་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ལྟ་རྟོག་བྱས། 

ཨེ་མེ་ནི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མུའུ་ཁུའུ་ཞང་གིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། སྲིད་ཏང་སོ་སོ་ནས་ཡོང་བའི་འདེམ་སྒུག་མི་སྣ་སྟོང་གཉིས་དང་ལྔ་བརྒྱ་བཅུ་ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་ནང་ཞུགས་ཡོད་ཟེར།

ཨེ་མེ་ནི་ཡཱ་ཡིས་ཐེངས་སྔོན་མའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་སྤེལ་བ་རེད། ད་ལོའི་ལོ་མགོར་ཨེ་མེ་ནི་ཡཱའི་སྐབས་དེའི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཅཱ་སི་ཕཱ་ལིང་དང་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་སྲིད་གཞུང་གི་སྲིད་སྐྱོང་གནད་དོན་ཐད་ཀྱི་འགལ་བ་ཛ་དྲག་ཏུ་གྱུར། ཕཱ་ཞེ་ནེ་དབྱང་གིས་ད་ལོའི་ཟླ་གསུམ་པར་ཟླ་དྲུག་པའི་ནང་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས། ཕཱ་ཞེ་ནེ་དབྱང་གིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་བ་ནི་མིག་སྔའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་རེད་ཟེར། 

ཨེ་མེ་ནི་ཡཱའི་གྲོས་ཁང་གིས་གླིང་གཅིག་ལམ་ལུགས་ལག་བསྟར་བྱས་ཏེ། བསྡོམས་པས་ལས་གནས་བརྒྱ་དང་གཅིག་ཡོད་ལ། སྐབས་རེའི་གྲོས་ཁང་གི་འགན་ཡུན་ལོ་ལྔ་རེད། འདེམ་བསྐོའི་ཁྲོད་འདེམ་ཤོག་གི་ཐོབ་ཚད་བརྒྱ་ཆའི་ལྔ་ལས་བརྒལ་བའི་སྲིད་ཏང་དང་འདེམ་ཤོག་གི་ཐོབ་ཚད་བརྒྱ་ཆའི་བདུན་ལས་བརྒལ་བའི་སྲིད་ཏང་མནའ་འབྲེལ་གྲོས་ཁང་དུ་ཞུགས་ཆོག་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།