ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཡང་བསྐྱར་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད། 

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། འབར་བསྲེག་སྒྲིག་ཆས་ཡོད་པའི་དབུགས་ལྒང་མང་བོ་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་བཏང་བ་དང་། དེའི་ལན་དུ་དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་དགོང་མོར་འཐབ་འཛིང་གནམ་གྲུ་མངག་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་དང་ཧན་ཡུག་ནེ་སི་གྲོང་ཁྱེར་དུ་ཡོད་པའི་དམག་དོན་རྟེན་གཞི་དང་མེ་ཤུགས་འཕུར་མདའི་གཏོང་འཕེན་བྱེད་སར་ཆམ་ཕབ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཁི་ཧཱ་ཝེ་ཡིས་ཉིན་དེའི་དགོང་མོར་གནས་བབ་ལ་དཔྱད་འཇོག་ཐེངས་ཤིག་བྱས་པ་དང་། རྒྱལ་སྲུང་དམག་དཔུང་གིས་གནས་ཚུལ་གང་རུང་འབྱུང་བར་གྲ་སྒྲིག་བྱེད་དགོས་པའི་མཛུབ་སྟོན་བྱས། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་དང་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་གྱི་མཁར་གྲོང་མང་བོར་མཁའ་སྲུང་ཉེན་བརྡ་གྲགས་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།