ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ175987176ལ་སླེབས་ཡོད་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས15ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་ནད་པ175987176ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད17དང་སྐར་མ21བར(པེ་ཅིན་གྱི་ཆུ་ཚོད23དང་སྐར་མ21)དུ། གོ་ལ་ཧྲིལ་བོར་ནད་རྟགས་ཐག་བཅད་པའི་ནད་པ་ཉིན་སྔོན་མ་ལས283487ཇེ་མང་དུ་སོང་ནས། ནད་པ175987176ལ་སླེབས་པ་དང་། ཤི་བའི་ནད་པ7814ཇེ་མང་དུ་སོང་སྟེ3811561ལ་སླེབས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།