ཀྲུང་གོ་བོད་ཀྱི་དྲ་བ།

པེ་ནེ་ཐུ་ཡིས་དབྱི་སི་རལ་གྱི་ཙུང་ལི་ཡི་འགན་བཞེས་པར་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་སྲིད་གཞུང་གསར་བས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། གཅིག་གྱུར་གཡས་རུ་མནའ་འབྲེལ་གྱི་མགོ་ཁྲིད་ནཱ་ཧྥུའུ་ཐཱ་ལི་པེ་ནེ་ཐུ་ཡིས་ཙུང་ལི་ཡི་འགན་བཞེས།

སྲིད་གཞུང་གསར་བར་གཅིག་གྱུར་གཡས་རུ་མནའ་འབྲེལ་དང་དབུས་ཀྱི་ཏང་ཁག་ལན་པེ་ཏང་། ཨ་རོབ་མཉམ་འབྲེལ་ཏང་སོགས་སྲིད་ཏང་བརྒྱད་འདུས་པ་དང་། འདི་ནི་དབྱི་སི་རལ་གྱི་ལོ་རྒྱུས་སྟེང་ཨ་རབ་སྲིད་ཏང་ཞུགས་པའི་སྲིད་གཞུང་ཐོག་མ་ཡིན་པ་དང་། གཡས་རུ་སྲིད་ཏང་ལི་ཁུའུ་ཏུག་སྡེ་ཚོགས་ཀྱི་མགོ་ཁྲིད་ནེ་ཐཱ་ནི་ཡ་ཧུའུ་ཡིས་བསྟུད་མར་ལོ་བཅུ་གཉིས་ལ་སྲིད་བསྐྱངས་པའི་བྱ་བ་མཇུག་རྫོགས་པའང་ཡིན་པ་རེད།

པེ་ནེ་ཐུ་ཡིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་སྲིད་གཞུང་གསར་བའི་ཐོག་མའི་གྲོས་ཚོགས་སྟེང་བཤད་རྒྱུར།  སྲིད་གཞུང་གསར་བས་མང་ཚོགས་བར་གྱི་འགལ་འདུ་སྙོམས་སྒྲིག་དང་རྒྱལ་ཁབ་སླར་ཡང་དྲང་བོའི་ལམ་དུ་བསྐྱོད་པར་འབད་པ་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། འདུ་ཤེས་འཛིན་སྟངས་སྣ་མང་ཅན་གྱི་སྲིད་གཞུང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ལ། སྲིད་གཞུང་གསར་བའི་ཏང་ཁག་སོ་སོས་འདུ་ཤེས་འཛིན་སྟངས་ཐད་ལྟ་ཚུལ་གཅིག་མཐུན་དང་འགྲིག་མཐུན་ཡོང་དགོས་པར་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།