ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་ཡོ་རོབ་གླིང་དུ་འཚམས་འདྲི་བྱས་ནས་འབྲེལ་བ་སླར་གསོ་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་མི་འགྱངས་པར་ཡོ་རོབ་གླིང་དུ་འཚམས་འདྲི་བྱེད་ལ་ཉེ་བའི་སྐབས་སུ། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རིག་མཛོད་གཉིས་ཀྱིས་ཚེས་བདུན་ཉིན་མཉམ་དུ་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་ལྟར་ན། འཇར་མན་དང་ཧྥ་རན་སིའི་མིས་ཨ་མེ་རི་ཁའི་རྒྱལ་སྤྱིའི་ཤུགས་རྐྱེན་ལ་བཟུང་བའི་ལྟ་ཚུལ་དེ་ཨ་མེ་རི་ཁའི་སྲིད་གཞུང་གསར་དུ་རྩ་འཛུགས་བྱས་པའི་དབང་གིས་ཇེ་ལེགས་སུ་སོང་མེད། 

འཇར་མན་གྱི་རིག་མཛོད་པེ་ཐཱ་སི་མན་ཐེབས་རྩ་ཚོགས་པ་དང་ཨ་མེ་རི་ཁའི་རིག་མཛོད་འཇར་མན་མཱ་ཞེ་ཨར་ཐེབས་རྩ་ཚོགས་པས་ཟླ་གསུམ་པའི་ཟླ་མཇུག་ནས་ཟླ་བཞི་བའི་ཟླ་དཀྱིལ་བར་དྲ་རྒྱའི་རྟོག་ཞིབ་བྱ་བ་སྤེལ་བ་དང་། རྟོག་ཞིབ་བྱ་ཡུལ་ནི་མེ་གླིང་བྱང་མ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་བཅུ་གཅིག་གི་མི་དར་མ་སྟོང་གཅིག་ཡིན་པ་རེད། དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་མ་བྱུང་བའི་སྔོན་དང་བསྡུར་ན། ཨ་མེ་རི་ཁ་ནི་ཆེས་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་མོ་ཡིན་པར་འདོད་པའི་འཇར་མན་དང་ཧྥ་རན་སིའི་མིའི་བསྡུར་ཚད་ཇེ་དམའ་རུ་སོང་ཡོད་པ་དང་། རྒྱུ་རྐྱེན་གཙོ་བོ་ནི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མགོ་ཁྲིད་པའི་སྲིད་གཞུང་གིས་རྒྱལ་ཁབ་རང་གི་རིམས་ནད་འགོག་བཅོས་བྱས་པར་ནུས་པ་དམན་པས་རེད། 

དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། པེད་ཏིན་གྱིས་ལས་འགན་ཁུར་བའི་ཚུན་ལ། འཇར་མན་དང་ཧྥ་རན་སིའི་མིས་ཨ་མེ་རི་ཁའི་རྒྱལ་སྤྱིའི་ཤུགས་རྐྱེན་ལ་བཟུང་བའི་ལྟ་ཚུལ་ལ་འགྱུར་ལྡོག་བྱུང་མེད་ཟེར། 

ད་ལོའི་རྟོག་ཞིབ་ཁྲོད་དུ། བརྒྱ་ཆའི་ང་ལྔའི་འཇར་མན་གྱི་མིས་བལྟས་ན་ཨ་མེ་རི་ཁ་ནི་ཆེས་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་མོ་ཡིན་པར་འདོད་པ་དང་། བསྡུར་ཚད་དེ་ན་ནིང་བརྒྱ་ཆའི་ང་བཞི་ཡིན་པ་རེད། བརྒྱ་ཆའི་ང་དྲུག་གི་ཧྥ་རན་སིའི་མིས་བལྟས་ན་ཨ་མེ་རི་ཁ་ནི་ཆེས་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་མོ་ཡིན་པར་འདོད་ལ། ན་ནིང་བརྒྱ་ཆའི་ང་ལྔ་ཡིན་པ་རེད། 

པེད་ཏིན་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་དབྱིན་ཇི་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་རྗེས་སུ་པུ་ལི་ཧྲི་རུ་སོང་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་རྒྱུ་རེད། ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལས་བལྟས་ན། ཁོ་རང་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་འབྲེལ་བ་སླར་གསོ་བྱེད་པའི་འགྲན་རྩོད་ལ་འཕྲད་ཡོད་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།