ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ལྷོ་མའི་མངའ་སྡེ་རུ་རིགས་རྒྱུད་བར་གྱི་འཁྲུག་རྩོད་བྱུང་སྟེ་མི་སོ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ལྷོ་མའི་མངའ་སྡེའི་སྲིད་གཞུང་གིས་ཚེས་བདུན་ཉིན་བསྟན་དོན། ཉེ་སྔོན་མངའ་སྡེ་དེ་རུ་རིགས་རྒྱུད་བར་གྱི་འཁྲུག་རྩོད་ཅིག་བྱུང་སྟེ། མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཏཱ་ཨར་ཧྥུའུ་ཨར་ལྷོ་མའི་མངའ་སྡེའི་མགོ་བ་མུའུ་སཱ་མེད་ཧི་ཏིས་ཀྱིས་ཉིན་དེར་གསལ་སྒྲོག་ཅིག་སྤེལ་ཏེ། མངའ་སྡེ་དེའི་ས་ཁུལ་མང་བོ་ཞིག་གི་རིགས་རྒྱུད་བར་ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་བར་འཁྲུག་རྩོད་བྱུང་། མིག་སྔར་ཏཱ་ཨར་ཧྥུའུ་ཨར་ལྷོ་མའི་མངའ་སྡེའི་དམག་ཕྱོགས་ཀྱིས་གནས་བབ་ཚོད་འཛིན་བྱས་ཡོད་པ་དང་། འཁྲུག་རྩོད་བྱུང་བའི་རིགས་རྒྱུད་ཁ་ཁར་ཕྱེས་ཡོད་ཟེར། 

ས་གནས་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཏཱ་ཨར་ཧྥུའུ་ཨར་ལྷོ་མའི་མངའ་སྡེའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་འཁྲུག་རྩོད་ས་ཁུལ་དུ་དམག་དཔུང་མངག་གཏོང་བྱས་ནས། དོན་རྐྱེན་བཟོ་མཁན་འཛིན་བཟུང་བྱས་ཏེ། རིགས་དེ་མཚུངས་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།