ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ནུབ་རྒྱུད་ཀྱི་རྫས་འགྱུར་བཟོ་གྲྭ་ཞིག་ལ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་མི18རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེ་ཡི་རྫས་འགྱུར་བཟོ་གྲྭ་ཞིག་ལ་ཚེས7ཉིན་གྱི་ཕྱི་དྲོར་འབར་གས་ཀྱི་དོན་རྐྱེན་བྱུང་ནས་བཟོ་པ18རྐྱེན་ལམ་དུ་ཤོར་བ་དང་མི18གར་སོང་ཆ་མེད་དུ་གྱུར།

རྒྱ་གར་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས7ཉིན་གྱི་ཆུ་ཚོད17ཡས་མས་ལ་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་གྲོང་ཁྱེར་ཆེ་གྲས་གཉིས་པ་སྟེ་ཕུའུ་ན་ཡི་རྫས་འགྱུར་བཟོ་གྲྭ་ཞིག་ཏུ་འཕྲུལ་འཁོར་འབར་གས་བྱུང་ནས་མེ་སྐྱོན་ཆེན་པོ་བྱུང་། དོན་རྐྱེན་འདི་བྱུང་དུས་བཟོ་གྲྭའི་ནང་ཧ་ལམ་བཟོ་པ38ཡོད་ལ། བཟོ་པ་ཁ་ཤས་མེ་ཤུགས་ཆེ་དྲགས་པས་ཉེན་ཁའི་གནས་སུ་གྱར་བ་རེད།

དོན་རྐྱེན་བྱུང་རྗེས་ས་གནས་དེ་གའི་མེ་ཟོན་སྡེ་ཁག་གིས་ཡུལ་དངོས་སུ་འབྱོར་ཞིང་ད་སྔ་མེ་ཚང་མ་བསད་ཡོད་པ་རེད། མེ་ཟོན་མི་སྣས་རྐྱེན་ལམ་དུ་ཤོར་བའི་མི18ཀྱི་ཕུང་པོ་རྙེད་ཟིན་ནའང་ད་དུང་མི་འགའ་ཤས་གར་སོང་ཆ་མེད་དུ་གྱུར་ཡོད། དོན་རྐྱེན་གྱི་རྒྱུ་རྐྱེན་སྔར་བཞིན་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།