ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅུ་ལྷག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་ས་གནས་དཔོན་པོས་ཚེས་དྲུག་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་མངའ་སྡེ་རུ་ཚེས་ལྔ་ཉིན་གྱི་ཕྱི་དྲོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅུ་ལྷག་ལ་ཤི་རྨས་ཐེབས་པ་དང་གཞན་ཡང་མི་མང་བོར་རྨས་ཕོག

ཁཱ་ཏུའུ་ནཱ་མངའ་སྡེའི་ནང་སྲིད་སྡེ་ཁག་གི་འགན་ཁུར་བ་ཨ་ལུའུ་ཝན་གྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཞིག་དང་རླངས་འཁོར་ཆུང་བ་ཞིག་ཚེས་ལྔ་ཉིན་གྱི་ཕྱི་དྲོར་མངའ་སྡེ་དེའི་བྱང་ཕྱོགས་ཀྱི་ཀྲ་ལི་ཡཱ་གྲོང་ཁྱེར་ཉེ་འདབས་ཀྱི་མྱུར་བགྲོད་གཞུང་ལམ་སྟེང་ཐོ་བརྒྱབ་སྟེ། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོ་སྨན་ཁང་དུ་བསྐྱལ་རྗེས་རྐྱེན་ལམ་དུ་ཤོར། མིག་སྔར་ད་རུང་རྨས་མ་མང་བོར་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཨ་ལུའུ་ཝན་གྱིས་བསྟན་དོན། ས་གནས་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། ཁོས་མང་ཚོགས་ཀྱིས་རླངས་འཁོར་སྐོར་སྐབས་སེམས་ཆུང་བྱེད་དགོས་པ་དང་། མྱུར་ཚད་ལས་བརྒལ་བ་སོགས་ཉེན་ཁ་ཆེ་བའི་ཁ་ལོ་བའི་བྱ་སྤྱོད་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།