ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ལན་ཁའི་གནམ་གཤིས་ངན་པ་ལས་ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ལན་ཁའི་གནོད་འཚེ་དོ་དམ་ལྟེ་གནས་ཀྱིས་ཚེས6ཉིན་གནས་ཚུལ་སྤེལ་དོན། སི་རི་ལན་ཁ་རྒྱལ་ཁོངས་ཀྱི་གནམ་གཤིས་མི་ལེགས་པ་ལས་ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི24ལྷག་ལ་འཚོ་བའི་ཐད་ཤུགས་རྐྱེན་ཐེབས་ཡོད།

གནོད་འཚེ་དོ་དམ་ལྟེ་གནས་ཀྱིས་ཉེ་ཆར་སི་རི་ལན་ཁའི་རྒྱལ་ཁོངས་ཀྱི་དྲག་ཆར་དང་འདམ་རྡོའི་ཆུ་རུད། ཆུ་ལོག་སོགས་ཀྱི་གནོད་འཚེ་ལས་མི14རྐྱེན་ལམ་དུ་ཤོར་བ་དང་མི2ལ་རྨས་སྐྱོན་ཕོག གཞན་ཡང་མི2གར་སོང་ཆ་མེད་དུ་གྱུར་ཞིང་ཉུང་མཐར་ཡང་ཁང་པ800ལྷག་ལ་གཏོར་སྐྱོན་ཕོག་འདུག མིག་སྔར་གནམ་གཤིས་ཀྱིས་ཤུགས་རྐྱེན་ཕོག་པའི་མང་ཚོགས་ཁྲི1.5ལྷག་བདེ་འཇགས་ཀྱི་གནས་སུ་གནས་སྤར།

ཚེས5ཉིན་སི་རི་ལན་ཁ་འཕྲོད་བསྟེན་པུའུ་འཕྲོད་བསྟེན་ཞབས་ཞུ་ཅུའུ་ཡིས་ཅུའུ་ཀྲང་གཞོན་པ་ཧོ་ལ་ཐེ་ཡིས་ས་གནས་དེ་གའི་སྨྱན་བྱད་ལ་དྲག་ཆར་གྱིས་ས་གནས་དེ་གའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པར་སྔོན་གྱི་འཆར་འགོད་ལྟར་ཡོངས་འགྲུབ་བྱེད་པར་བཀག་རྒྱ་བཟོས་འདུག་ཅེས་བཤད།

སི་རི་ལན་ཁའི་གནམ་གཤིས་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གསར་ཤོས་ལྟར་ན། སྔོན་དཔག་བྱས་ན་མ་འོངས་པའི་ཉིན་ཤས་ནང་ས་ཁུལ་མང་ཆེ་བར་ད་དུང་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་ཞིང་། སི་རི་ལན་ཁའི་རྒྱལ་ཁབ་བདེ་འཇགས་དང་གནོད་འཚེ་དོ་དམ་པུའུ་ཡི་ཁོངས་གཏོགས་རྒྱལ་ཁབ་བཟོ་སྐྲུན་ཞིབ་འཇུག་རྩ་འཛུགས་ཀྱིས་ས་ཁུལ་མང་པོར་རི་ཉིལ་འབྱུང་སྲིད་པའི་སྔོན་བརྡ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།