ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཡང་བསྐྱར་མཱ་ལིའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མཚམས་འཇོག་ཏུ་བཅུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་ནམ་གུང་གསལ་སྒྲོག་སྤེལ་ཏེ། ཉིན་དེ་ནས་བཟུང་མཱ་ལིའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་དེ་དམངས་གཙོའི་སྒྲིག་ལམ་སླར་གསོ་བྱེད་རག་བར་དུ་གནས་སྐབས་སུ་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་ཟེར། དེ་ནི་ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པར་མཱ་ལི་ནས་དམག་དོན་སྲིད་འགྱུར་བྱུང་བའི་ཚུན་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཐེངས་གཉིས་པར་མཱ་ལིའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མཚམས་འཇོག་ཏུ་བཅུག་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཉེ་སྔོན་མཱ་ལི་ནས་བྱུང་བའི་སྲིད་གཞུང་དུས་འགྱུར་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། དུས་འགྱུར་དེ་རྒྱལ་ཁབ་རང་གི་རྩ་ཁྲིམས་ལས་རིམ་དང་མི་འཚམ་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་དོན་ཚན་དང་ཡང་མི་འཚམ་པས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཉིན་དེ་ནས་བཟུང་མཱ་ལིའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་འཇོག་ཏུ་འཇུག་རྒྱུ་ཐག་བཅད་པ་ཡིན། དེའི་ནང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་དེའི་ཁོངས་གཏོགས་ལས་ཁུངས་ཀྱི་བྱ་འགུལ་གང་རུང་ལ་ཞུགས་པའི་ཐོབ་ཐང་ཡང་འདུས་ཡོད་ཟེར། 

གསལ་སྒྲོག་ལས་ད་རུང་མཱ་ལིའི་དམག་ཕྱོགས་ཀྱི་མཐོ་རིམ་མགོ་ཁྲིད་དང་ཆབ་སྲིད་ཚོགས་ཁག་ཚང་མས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བར་བརྒལ་སྲིད་གཞུང་གི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་བྱེད་དགོས་པ་དང་། མྱུར་མོར་ཙུང་ལི་བསྐོ་འཇོག་བྱས་ནས་བར་བརྒལ་འཕེལ་རིམ་མཇུག་སྒྲིལ་དུ་བཅུག་སྟེ། མཱ་ལིའི་ངེས་པ་དོན་གྱི་མི་རིགས་འགྲིག་མཐུན་དང་གྲོས་མོལ་མངོན་འགྱུར་བྱེད་དུ་བཅུག་ནས་མཱ་ལིའི་གཏན་འཇགས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།